37962

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་དོན་ (1)
Part of speech མིང་ཚིག
Definition རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན།
Example ཕྱི་འབྲེལ་བློན་ཆེན་གྱིས་རྒྱལ་ཁབ་ཀྱི་ཕྱི་དོན་བསྒྲུབ་དགོས་ལྟ་བུ།
ཕྱི་དོན་ (2)
Part of speech མིང་ཚིག
Definition ཕྱི་རོལ་ཡུལ་གྱི་ངོ་བོ་རྡུལ་དུ་གྲུབ་པའི་གཟུང་དོན།
Domain ཚད་མ།
ཕྱི་དོན་ (3)
Part of speech མིང་ཚིག
Definition ཕྱི་རོལ་དོན་དུ་གྲུབ་པ་སྟེ། འདིར་ཐལ་འགྱུར་བའི་ལུག་ལྟར། མ་བརྟགས་མ་དཔྱད་པར་ཕྱིའི་གཟུགས་དང་ནང་གི་ཤེས་པ་ཞེས་པའི་ཐ་སྙད་ཙམ་གྱིས་རྗེས་སུ་འབྲངས་པའི་ཕྱི་རོལ་གྱི་དོན་ཏེ། མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། ལུགས་འདིར་ཕྱི་དོན་ཁས་ལེན་པའི་རྒྱུ་མཚན་གང་ཞེ་ན། གཟུགས་སྒྲ་སོགས་མིག་ཤེས་དང༌། ཉན་ཤེས་ལ་ཕྱི་རོལ་རྒྱངས་ཆད་ལྟ་བུར་སྣང་བའི་ཆ་འདི་དེ་ལྟར་སྣང་བ་ལྟར་གྲུབ་སྟེ། དེ་ལྟར་ཐ་སྙད་ཙམ་དུ་ཡང་མ་གྲུབ་ན། དེ་ཐ་སྙད་པའི་ཚད་མས་མི་ཁེགས། དོན་དམ་དཔྱོད་བྱེད་ཀྱི་ཚད་མས་དཔྱད་ན། ཕྱི་དོན་དུ་མ་ཟད་ནང་གི་ཤེས་པ་ཡང་མི་རྙེད་པའི་ཕྱིར། ཕྱི་དོན་ཐ་སྙད་པའི་ཚད་མས་མི་ཁེགས་ཏེ། དེ་འགོག་བྱེད་ཀྱི་ཐ་སྙད་པའི་ཚད་མ་གཞི་མ་གྲུབ་པའི་ཕྱིར་དང༌། དེ་ཐ་སྙད་པའི་ཚད་མས་ཁེགས་པར་སེམས་ཙམ་པ་ཡང་མི་འདོད་པའི་ཕྱིར་ཏེ། ལྷན་ཅིག་དམིགས་ངེས་སོགས་མཐར་ཐུག་དཔྱོད་པའི་རིགས་པ་དང༌། མཐར་ཐུག་དཔྱོད་པའི་རིག་ཤེས་ཀྱིས་ཁེགས་པར་འདོད་པའི་ཕྱིར། དེར་ཐལ། གཟུགས་ཕྱི་རོལ་དོན་དུ་མ་གྲུབ་པ་མཐར་ཐུག་དཔྱོད་པའི་རིགས་ཤེས་ཀྱི་རྙེད་དོན་དུ་འདོད་པའི་ཕྱིར། གཞན་ཡང༌། གཟུགས་སོགས་ཕྱི་རོལ་དོན་དུ་གྲུབ་སྟེ། དེ་ལྟར་མ་གྲུབ་ན། གཟུགས་སོགས་ཤེས་པའི་ངོ་བོར་གྲུབ་དགོས། དེ་གྲུབ་ན། མ་བརྟགས་མ་དཔྱད་པར་འཇུག་པའི་ཐ་སྙད་པའི་ཚད་མ་རང་ག་བས་མི་འགྲུབ་པས། གཟུགས་ཞེས་པའི་མིང་དང་བརྡས་བཏགས་པ་ཙམ་གྱིས་མ་ཚིམ་པར་བེམ་པོའི་རང་བཞིན་དུ་གྲུབ་བམ། ཤེས་པའི་རང་བཞིན་དུ་གྲུབ་སྙམ་དུ་བཙལ་བ་ན། ཤེས་པའི་རང་བཞིན་དུ་རྙེད་དགོས། དེ་ལྟར་ན། ཐ་སྙད་བཏགས་པའི་བཏགས་དོན་བཙལ་བའི་ཚེ་རྙེད་པར་སོང་བས་རང་ངོས་ནས་གྲུབ་པར་འགྱུར་བའི་ཕྱིར། གཟུགས་སྒྲ་རྣམས་ཕྱི་རོལ་དོན་དུ་གྲུབ་སྟེ། འཇིག་རྟེན་པའི་ཐ་སྙད་སྐྱོན་མེད་ལ་ཡང་ཕྱིའི་གཟུགས་སྒྲ་དང། ནང་གི་ཤེས་པ་ཞེས་པའི་ཐ་སྙད་བྱེད། དེ་ལ་ཚད་མ་གང་གིས་ཀྱང་མི་གནོད་པའི་ཕྱིར་དང༌། དེ་ཙམ་གྱིས་ཐ་སྙད་དུ་གྲུབ་པར་མི་འཇོག་ན། རང་བཞིན་གྱིས་གྲུབ་པ་ཞིག་གི་སྟེང་ནས་ཐ་སྙད་གྲུབ་པ་འཇོག་དགོས་པས། ལུགས་འདིའི་རྣམ་གཞག་སྐྱོན་མེད་རྣམས་རྩ་བ་ནས་འཇིག་པའི་ཕྱིར། ཞེས་དང་། དབུ་མའི་སྤྱི་དོན་ལས། མདོ་སྡེ་པ་དང༌། ཐལ་འགྱུར་བ་གཉིས་ཕྱི་དོན་ཁས་ལེན་པར་མཚུངས་ཀྱང༌། ལེན་ཚུལ་མི་མཚུངས་ཏེ། མདོ་སྡེ་པས་རྡུལ་ཕྲན་ཆ་མེད་བསགས་པའི་རགས་པ་ཕྱི་རོལ་དོན་དུ་ཁས་ལེན། ཐལ་འགྱུར་བས་མ་བརྟགས་མ་དཔྱད་པར་ཕྱིའི་གཟུགས་དང། ནང་གི་ཤེས་པ་ཞེས་པ་ཙམ་གྱིས་རྗེས་སུ་འབྲངས་ནས་ཕྱི་དོན་ཁས་ལེན་པའི་ཕྱིར། ཞེས་དང་། དབུ་མའི་མཐའ་དཔྱོད་ལས། ཁོ་ན་རེ། སངས་རྒྱས་ཀྱི་སར་བེམ་པོས་བསྡུས་པའི་གཟུགས་ཡོད་པར་ཐལ། སངས་རྒྱས་ཀྱི་སར་ཕྱི་རོལ་གྱི་དོན་ཡོད་པའི་ཕྱིར། དེར་ཐལ། སྤྱིར་ཕྱི་རོལ་གྱི་དོན་ཡོད་པ་གང་ཞིག །སངས་རྒྱས་ཀྱི་སར་ཕྱི་རོལ་གྱི་གཟུགས་དང། ནང་གི་ཤེས་པ་ཡོད་པའི་ཕྱིར། ཟེར་ན། མ་ཁྱབ། རྟགས་དེར་ཐལ། དེར་ཕྱི་སྟོང་པ་ཉིད་སོགས་ཡོད་པའི་ཕྱིར། ཞེས་གསུངས།