From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱི་ནང་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱི་དང་ནང་གི་བསྡུས་མིང་སྟེ། དངོས་པོ་སོགས་ཀྱི་ཕྱི་ལོགས་དང་ནང་ལོགས།
|
| Example
|
རྒྱལ་ཁབ་ཕྱི་ནང་ལ་ལྟ་སྐོར་དུ་སོང། དེབ་ཀྱི་ཕྱི་ནང་བཀླགས། སེམས་ཀྱི་ཕྱི་ནང་བསྟན་ལྟ་བུ།
|
ཕྱི་ནང་ (2)
| Part of speech
|
མིང་ཚིག
|
| Definition
|
ཁས་བཤད་རྒྱུ་དང་ཁོག་ལ་འཛིན་རྒྱུ་གཉིས་ཀྱི་དོན།
|
| Example
|
ཁོང་ཕྱི་ནང་མེད་པའི་མི་ཞིག་རེད། ཕྱི་ནང་མེད་པའི་གཏམ་ལྟ་བུ། །
|
ཕྱི་ནང་ (3)
| Part of speech
|
མིང་ཚིག
|
| Definition
|
ཉེ་རིང་ཆགས་སྡང་གི་དོན།
|
| Example
|
འགོ་ཁྲིད་ཀྱིས་ང་ཚོར་ཕྱི་ནང་བྱེད་ཀྱིན་འདུག ཕྱི་ནང་དབྱེ་འབྱེད་ཀྱི་ལས་མ་སྒྲུབས་ལྟ་བུ།
|