37969

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ནང་གཏོར་མའི་མགྲོན་བཞི་བཞི་ (1)
Part of speech མིང་ཚིག
Definition རིན་ཆེན་གཏེར་མཛོད་གསང་སྔགས་ལམ་གྱི་རིམ་པའི་འགྲེལ་པ་རིན་ཆེན་ཕྲེང་བ་ལས་བྱུང་བ་སྟེ། སྲི་ཞུའི་མགྲོན་ཡང་དག་པར་རྫོགས་པའི་སངས་རྒྱས་ལ། ཉན་རང་བྱང་སེམས་ཀྱིས་བསྐོར་བའམ། ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་མ་ལ་ཕྱོགས་བཅུའི་སངས་རྒྱས་ཀྱིས་བསྐོར་བའོ། །ཡོན་ཏན་གྱི་མགྲོན་གསང་བདག་ཕྱག་ན་རྡོ་རྗེ་ལ་གཙང་རིས་མགོན་པོས་བསྐོར་བ། ལན་ཆགས་ཀྱི་མགྲོན་དཔལ་རྟ་མགྲིན་ལ་བགེགས་རིགས་སྟོང་ཕྲག་བརྒྱད་ཅུས་བསྐོར་བའོ། །གཉིས་པ་ནང་གསང་སྔགས་ལྟར་ན། སྲི་ཞུའི་མགྲོན་བླ་མ་ཡི་དམ་ཞི་ཁྲོའི་ལྷ་ཚོགས་ཀྱིས་བསྐོར་བ། ཡོན་ཏན་མགྲོན་མཁའ་འགྲོ་སྡེ་ལྔ་ལ་ཆོས་སྐྱོང་ཕོ་མོས་བསྐོར་བ། སྙིང་རྗེའི་མགྲོན་དུས་གསུམ་ཕ་མ་རིགས་དྲུག་སེམས་ཅན་གྱིས་བསྐོར་བ། ལན་ཆགས་མགྲོན་རང་གི་སྲུང་མ་ལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བའོ། །
Domain ཆོས་ལུགས།