37976

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ནང་གསང་བའི་མཆོད་ཕྲེང་ (1)
Part of speech མིང་ཚིག
Definition ཐུགས་སྒྲུབ་ཡང་སྙིང་འདུས་པ་ལས། ཕྱི་ནང་གསང་བའི་མཆོད་ཕྲེང་། ཞེས་བྱ་བ་སྟེ། གཏེར་གཞུང་ལས། ཀྱེ་ཧོ༔ བདག་འདྲ་གནུབས་བན་ནམ་མཁའི་སྙིང་པོ་ཡིས༔ ཡང་གསང་སྙིང་པོ་བླ་མའི་ཐུགས་སྒྲུབ་ལས༔ སྒྲུབ་ཆེན་དབང་དང་སྐུ་གསུམ་སྒྲུབ་པ་དང༔ རྟེན་གསུམ་རབ་གནས་གཤིན་དོན་བདུན་ཚིགས་སོགས༔ དེ་དག་རྣམས་ཀྱི་ཆ་རྐྱེན་ཁ་སྐོང་དང༔ རྣལ་འབྱོར་སྒྲུབ་མཆོད་ནར་མར་བྱ་བའི་ཕྱིར༔ གུ་རུ་ཉིད་ལ་བཀའ་ལུང་ཞུས་ནས་ཀྱང༔ མ་འོངས་དོན་དུ་གསལ་བྱེད་ཡི་གེར་བཀོད༔ ད་ལྟར་མི་སྤེལ་གཏེར་དུ་སྦ་བར་བསམ༔ མ་འོངས་རྩོད་ལྡན་དུས་ཀྱི་སྙིགས་མ་ལ༔ སྐལ་ལྡན་སྐྱེས་བུ་གཅིག་དང་འདི་ཕྲད་ནས༔ རང་གཞན་འགྲོ་བའི་དོན་ལ་སྤྱོད་པར་ཤོག༔ ཅེས་གསུངས་པ་ལྟར། ས་རྟའི་ལོ་ལུག་ཟླའི་ཚེས་བརྒྱད་ལ་གཏེར་ཆེན་རཏྣ་གླིང་པས་གཉལ་སྨད་དགེ་རིའི་བྲག་མཆོད་རྟེན་གྱི་ནང་ནས་བཏོན་པའོ། །འདིའི་ནང་དོན་ལ། རང་ཉིད་ཡི་དམ་ལྷའི་རྣམ་པར་གསལ་ནས་བཀའ་བསྒོ་བ་དང་། མཚམས་བཅད་པ། མཆོད་གཏོར་བྱིན་གྱིས་བརླབ་པ་སོགས་ཆོས་བཅུ་གསུམ་གྱི་སྒོ་ནས་བསྒྲུབ་པ་མཆོག་ལ་ཉེ་བར་བརྩོན་པ་དང་། བདག་གཞན་དོན་གཉིས་བསྒྲུབ་པའི་ཕྱིར་ཕྱི་ནང་གསང་བའི་མཆོད་ཕྲེང་གི་རིམ་པ་རྣམས་བསྟན།