37977

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ནང་གི་ཁམས་ (1)
Part of speech མིང་ཚིག
Definition མདོ། མངོན་པ། གཟུགས་ཀྱི་ཁམས་སོགས་མ་གཏོགས་པའི་རྣམ་ཤེས་ཁམས་དྲུག་དང་། མིག་གི་ཁམས་སོགས་དྲུག་སྟེ་བཅུ་གཉིས་པོ་དེ་ནང་གི་ཁམས་དང་། གཟུགས་ཀྱི་ཁམས་ནས་ཆོས་ཀྱི་ཁམས་ཀྱི་བར་དྲུག་པོ་ཕྱིའི་ཁམས་ཡིན་པའི་ཕྱིར། ཕྱི་ནང་ལ་ཡང་རྒྱུད་ལྟོས་པ། བདག་དང་བདག་གི་བ་ལ་ལྟོས་པ། གྲུབ་མཐའ་ལ་ལྟོས་པ། སྐྱེ་མཆེད་ལ་ལྟོས་པ་སྟེ་བཞི་ཡོད་པ་ལས་འདི་ནི་ཕྱི་མའི་དབང་དུ་བྱས་པ་ཡིན་ནོ། །ཕྱི་རོལ་པ་དག་ན་རེ། ཕྱི་ནང་གི་རྟག་པའི་བདག་ལ་ལྟོས་ནས་འཇོག་པ་ཡིན་ལ་དེ་མེད་ན་ཕྱི་ནང་གི་ཁྱད་པར་མི་རུང་བར་གྱུར་རོ་ཞེ་ན། སྐྱོན་མེད་དེ། དེ་མེད་ཀྱང་རྣམ་ཤེས་ཀྱིས་ངར་འཛིན་གྱི་རྟེན་བྱེད་པས་རྣམ་ཤེས་ལ་བདག་ཏུ་བཏགས་ནས་བཤད་པ་ཡོད་ལ། དེས་ན་རྣམ་ཤེས་དང་དེའི་རྟེན་བྱེད་པའི་ཁམས་ལ་ནང་དང་དེའི་རྟེན་མི་བྱེད་པའི་ཁམས་ལ་ཕྱི་རུ་བཤད་པའི་ཕྱིར། ་སེམས་ལ་བདག་ཏུ་ཐ་སྙད་བྱས་པ་ཡང་ཡོད་དེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་གྱི། །གཞན་ནི་སུ་ཞིག་མགོན་དུ་གྱུར། །བདག་ཉིད་ལེགས་པར་དུལ་བ་ནི། །མཁས་པ་མཐོ་རིས་ཐོབ་པར་གྱུར། །ཞེས་གསུངས་པའི་ཕྱིར།
Domain ཆོས་ལུགས།