37978

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ནང་གི་གསས་མཁར་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་ཕྱི་ཞེས་པ་མདོ་དང་། ནང་ཞེས་པ་གསང་སྔགས། གསས་མཁར་ཞེས་པ་མི་མཐུན་ཕྱོགས་ཀྱིས་གཞོམ་དུ་མེད་པའི་དོན་ཅན་ཡིན་ལ། དེ་ཡང་དོན་དུ་གདུལ་བྱའི་སྐལ་བཟང་གི་སྤྱོད་ཡུལ་ཕན་དང་བདེ་ལེགས་ཀུན་འབྱུང་གི་ཐབས་ཉག་གཅིག་ཏུ་གྱུར་པ་༸རྣམ་འདྲེན་བརྒྱད་པ་རྒྱལ་བ་གཤེན་རབ་མི་བོ་མཆོག་གིས་གསུངས་པའི་མདོ་སྔགས་གཉིས་ཉི་ཟླ་ཟུང་གི་བོན་སྡེ་ཇི་སྙེད་ལ་འཇུག་པ་སྟེ། རྫུ་འཕྲུལ་དྲྭ་བའི་རྒྱུད་ལས། ཕྱི་ནང་གསས་མཁར་ཐམས་ཅད་ལ། མཁྱེན་ཅིང་ཐུགས་སུ་ཆུད་པ་དང། འགྲོ་བ་ཀུན་ལ་བརྩེ་སེམས་ཆེ། བྱམས་མགོན་ལྡན་པའི་གཤེན་རབ་དེས། ཞེས་སོགས་གསུངས་པས་སོ། །
Domain ཆོས་ལུགས།