37980
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | མདོ། དབུ་མ། རབ་རིབ་དང་མིག་སེར་གྱི་ནད་དང་། དྷ་དྷུ་ར་ཟོས་པ་སོགས་ནི་དབང་པོ་གཟུགས་ཅན་ལ་གནོད་པའི་རྐྱེན་ནང་ན་ཡོད་པའོ། །ཏིལ་མར་དང་། ཆུ་དང་། མེ་ལོང་དང་། བྲག་ཕུག་ལ་སོགས་པ་དང་། ཉི་མའི་ཟེར་ལ་སོགས་པ་རྣམས་ནི་དབང་པོ་ལ་གནོད་པའི་རྐྱེན་ཕྱི་ན་ཉེ་བར་གནས་པ་ཡིན་ཏེ། དེ་དག་གི་དབང་གིས་ནང་གི་འཁྲུལ་རྒྱུ་མེད་པར་ཡང་གཟུགས་བརྙན་དང་། སྨིག་རྒྱུ་དང་། བྲག་ཅ་དང་། ཆུ་ཟླ་ལ་སོགས་པའི་སྣང་བ་འབྱུང་ངོ་། །དེ་བཞིན་དུ་མིག་འཕྲུལ་མཁན་ལ་སོགས་པས་སྦྱར་བའི་སྔགས་དང་སྨན་ལ་སོགས་པའང་ཕྱིའི་རྐྱེན་ཡིན་ནོ། །ཡིད་ཀྱི་དབང་པོ་ལ་གནོད་པའི་རྐྱེན་ནི་དེ་དག་དང་ཡང་དག་པ་མ་ཡིན་པས་བྱས་པའི་གྲུབ་པའི་མཐའ་ལ་སོགས་པ་དང་། རྗེས་སུ་དཔག་པ་ལྟར་སྣང་བ་རྣམས་སོ། །ཞེས་རྗེ་བཙུན་རེད་མདའ་བས་འཇུག་པའི་རྣམ་བཤད་ལས་གསུངས། གནོད་པའི་རྒྱུ་ལ་གསུམ་ལས། ནང་ལ་གནོད་པ་ནི་རབ་རིབ་དང་མིག་སེར་ལ་སོགས་པའོ། །ཕྱི་ལ་གནོད་པ་ནི། བྲག་ཕུག་ནས་བརྗོད་པའི་སྒྲ་དང་། སྨིག་རྒྱུ་དང་། མིག་འཕྲུལ་མཁན་གྱིས་སྦྱར་བའི་སྔགས་དང་སྨན་ལ་སོགས་པའོ། །ཡིད་ལ་གནོད་པའི་རྒྱུ་ནི། གྲུབ་མཐའ་ངན་པ་ཐོས་པ་དང་། རྗེས་དཔག་ལྟར་སྣང་ལ་སོགས་པའོ། །གཉིས་ཀ་ལ་གནོད་པ་ནི། རྨི་ལམ་ལ་སོགས་པའོ། །ཞེས་ཀུན་མཁྱེན་རོང་སྟོན་ཆེན་པོས་དབུ་འཇུག་རྣམ་བཤད་ལས་གསུངས་སོ། ། |
| Domain | ཆོས་ལུགས། |