37982
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། བྱ་བའི་རྣལ་འབྱོར་གསུམ་གྱི་ཡ་གྱལ་ཞིག་སྟེ། ཕྱི་ཡུལ་དང་ནང་ཤེས་པ་གཉིས་འཕྲད་པར་སྣང་བའི་ཚུལ་གྱིས་དོན་ལ་འབྱོར་བས་ཕྱི་ནང་གི་རྣལ་འབྱོར་ཞེས་བྱ། མདོ་འགྲེལ་མུན་པའི་གོ་ཆ་ལས། སྣོད་བཅུད་གཉིས་ཆ་ལས་སྣང་བའི་རྣལ་འབྱོར་ཉེ་བར་བསྟན་པ་ནི། ཡུལ་དང་ཤེས་པ་གཉིས་ཀའི་ཆ་ལས་སྣང་ངོ་ཅོག་གི་སྣོད་བཅུད་ཐམས་ཅད་དང༌། ཐ་སྙད་གཉིས་པའི་ཆོས་གཅིག་ལ་ལྟོས་ནས་གཞག་པ་ཁ་དོག་གཉིས་དང༌། སྨྲ་བསམ་ལ་སོགས་རིགས་ངེས་པ་དང༌། མ་ངེས་པ་དང༌། སེམས་ཅན་ནམ་སངས་རྒྱས་སམ་བཟང་བ་དང་ངན་པ་དང༌། ཅིའང་འབྱུང་མི་འབྱུང་དང༌། རྒྱུ་རྐྱེན་ལས་བྱས་མ་བྱས་དང༌། རྒྱུ་རྐྱེན་ནམ་ཐ་ཚིགས་སུ་བཅས་དང་མ་བཅས་པ་དང༌། ཀུན་གྱི་སྤྱི་མཐུན་དང་ཁྱད་པར་གྱི་གྲགས་པ་ལ་སོགས་པ་རིལ་ལམ་པས་མ་བྱས་པར་གདོད་ནས་སེམས་ཀྱི་རང་བཞིན་དེ་ཁོ་ན་ཉིད་དུ་རང་བཞིན་རྣམ་པ་གསུམ་གྱི་རྣམ་པ་ཡེ་འབྱོར་བས་མཐར་ཕྱིན་ཟིན་ཏེ། གཉིས་པའི་ཆོས་མ་སྤངས་ངང་གིས་བྲལ་བའི་གཉིས་སུ་མེད་པའི་དོན་ཇི་ལྟ་བ་ཉིད་རྟོགས་ན་མཁས་པའོ། །ཁྱད་པར་གྱུར་པ་ཉིད་ཡུལ་མེད་པར་གསལ་ལ་མི་གཡེང་བས་མིང་ངེས་པར་འགྲུབ་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |