38001
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། མ་ཧཱ་ཡོ་གའི་ལུགས་ཀྱི་དབང་མཆོག་བཅོ་བརྒྱད་དུ་གྲགས་པའི་ཡ་གྱལ་ཏེ། དཀོན་ཅོག་འགྲེལ་ལས། ཕྱི་ནང་གི་རྒྱུད་སོ་སོ་ལས་རང་རང་གི་གཞུང་སོ་སོར་གྲགས་མོད་ཀྱི། (སྒྱུ་འཕྲུལ་གསང་སྙིང་)འདིར་ནི་ཕན་པའི་དབང་དང་ནུས་པའི་དབང་གཉིས་སུ་གྲགས་སོ། །ཕན་པ་ནི་དབུ་རྒྱན་ཕྲེང་བ་ཅོད་པན་ལ་སོགས་པ་རྒྱུད་ལས་གསུངས་པའི་དབང་བཅུ་པོ་དག་ད་ལྟ་ཉིད་ནས་ནུས་པ་སོ་སོ་ལ་བསྒོ་བ་མེད་པས་དེ་སྐད་ཅེས་བྱའོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། དང་པོར་ཕན་པའི་དབང་བཅུ་བསྐུར་བ་ནི། དབུ་རྒྱན་ཅོད་པན་ཕྲེང་བ་དང་། །གོ་ཆ་རྒྱལ་མཚན་ཕྱག་རྒྱ་དང་། །གདུགས་དང་བུམ་པ་བཟའ་བཏུང་དང་། །སྙིང་པོ་ལྔ་ཡི་དབང་བསྐུར་ན། །ཞེས་གསུངས། |
| Domain | ཆོས་ལུགས། |