38027

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་མའི་ཕྱི་མའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱི་མའི་ཕྱི་མའི་རྒྱུད་ནི། རྒྱུད་གསུམ་གྱི་ཡ་གྱལ་ལས་གསུམ་པ་མ་ཚང་བ་ཁ་སྐོང་བའི་རྒྱུད་དུ་གསུངས་ཏེ། ཡིད་ཀྱི་མུན་སེལ་ལས། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད་དོ། །དང་པོ་ནི། གཞུང་གཞན་ལ་མ་བརྟེན་པར་གཞན་བསྐྱེད་པར་ནུས་པ་རྩ་བའི་རྒྱུད། དེའི་དོན་རྒྱས་པར་སྟོན་པ་གཉིས་པའོ། །མ་ཚང་བ་ཁ་སྐོང་བ་གསུམ་པའོ། །ཞེས་གསུངས།
Domain ཆོས་ལུགས།