From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱི་མའི་རྒྱུད་ (1)
| Part of speech
|
མིང་ཚིག
|
| Definition
|
འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བ་རྟོག་པའི་རྒྱལ་པོ་ཆེན་པོའི་སྡེ་ཚན་ཞིག བཀའ་འགྱུར་རྒྱུད་འབུམ་ཏ་པར་བཞུགས།
|
ཕྱི་མའི་རྒྱུད་ (2)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱི་མའི་རྒྱུད་ནི། རྒྱུད་ཀྱི་དབྱེ་བ་བཞི་འམ། རྒྱུད་གསུམ་གྱི་ཡ་གྱལ་ལས་གཉིས་པ་སྟེ། རྩ་བའི་རྒྱུད་ཀྱི་དོན་རྒྱས་པར་སྟོན་པའི་རྒྱུད་ལ་གསུངས་ཤིང་། དེ་ཡང་ཡིད་ཀྱི་མུན་སེལ་ལས། རྩ་བའི་རྒྱུད། ཕྱི་མའི་རྒྱུད། ཕྱི་མའི་ཕྱི་མའི་རྒྱུད་དོ། །དང་པོ་ནི། གཞུང་གཞན་ལ་མ་བརྟེན་པར་གཞན་བསྐྱེད་པར་ནུས་པ་རྩ་བའི་རྒྱུད། དེའི་དོན་རྒྱས་པར་སྟོན་པ་གཉིས་པའོ། །ཞེས་གསུངས།
|
| Domain
|
ཆོས་ལུགས།
|