38038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་མི་མ་ལ་ཡང་དག་པར་འདས་པ་དྲུག་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་རྣམ་པར་གཏན་ལ་དབབ་པ་བསྡུ་བ་ལས་བྱུང་བ་ཚེ་ཕྱི་མ་ལ་ཡང་དག་པར་འདས་པ་དྲུག་སྟེ། ༡ ཚེ་ཕྱི་མ་ལ་ཡང་སྲིད་པ་འབྱུང་བའི་འདུ་བྱེད་ཀུན་ནས་སློང་བར་བྱེད་པ་ལས་ཡང་དག་པར་འདས་པ། ༢ དེ་འདུ་བྱེད་པ་ལས་ཡང་དག་པར་འདས་པ། ༣ དེའི་འབྲས་བུ་འགྲུབ་པ་ལས་ཡང་དག་པར་འདས་པ། ༤ དེ་ལ་བརྩོན་པའི་འབྱོར་པ་དང་རྒུད་པ་ལས་ཡང་དག་པར་འདས་པ། ༥ དེའི་གནས་ལུང་དུ་མ་བསྟན་པ་ཡོངས་སུ་གཡོ་བ་ཐམས་ཅད་ལ་སློབ་པ་དང་སྨོས་པ་དང་རྗེས་སུ་སྦྱོར་བ་ལས་ཡང་དག་པར་འདས་པ། ༦ དེའི་གནས་ལུས་སྣ་ཚོགས་ལས་ཡང་དག་པར་འདས་པའོ། །
Domain ཆོས་ལུགས།