38040

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་མོ་ (1)
Part of speech མིང་ཚིག
Definition དུས་ཚོད་འགོར་འགྱངས་སོང་བའི་དོན་ཏེ།
Example ང་འདི་གར་སླེབས་དུས་ཕྱི་མོ་ཆགས་འདུག་ལྟ་བུ།
ཕྱི་མོ་ (2)
Part of speech མིང་ཚིག
Definition རང་གི་ཨ་མའི་མ་སྟེ། འདུལ་བ་རྣམ་པར་འབྱེད་པའི་ཚིག་རྣམ་པར་བཤད་པ་ལས། ཕྱི་མོ་ཞེས་བྱ་བ་ནི་མའི་མའོ། །ཞེས་གསུངས།
Type བརྡ་རྙིང་།
ཕྱི་མོ་ (3)
Part of speech མིང་ཚིག
Definition དཔེ་ཆའི་ཁུངས་སམ་རྩ་བ་སྟེ། ལམ་རིམ་ཆེན་མོའི་བརྡ་དཀྲོལ་ལས། ཕྱི་མོ་ནི་བརྡ་རྙིང་སྟེ་རྩ་བའམ་གཞི་མ་ཞེས་གསུངས།
Example གཞུང་ཕྱི་མོ། སྨན་གྱི་གཞུང་ཕྱི་མོ་ལྟ་བུ།