3806
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། གསང་སྔགས་ཀྱི་བསྲུང་བྱ་སྤྱི་དང་ཁྱད་པར་གྱི་དམ་ཚིག་གཉིས་སུ་ཡོད་པ་ལས། འདིར་ཁྱད་པར་གྱི་དམ་ཚིག་སྟེ། དཀོན་ཅོག་འགྲེལ་ལས། ཁྱད་པར་གྱི་དམ་ཚིག་ནི། རྣལ་འབྱོར་པ་རྣམས་ཀྱི་བློ་རྩལ་གྱི་ཁྱད་པར་ལས་སོ་སོའི་བསྲུང་བྱའི་དམ་ཚིག་དང་། སྤྱོད་པའི་དམ་ཚིག་དང་། ལྟ་བའི་དམ་ཚིག་དང་། ཡེ་ཤེས་ཀྱི་དམ་ཚིག་དང་། དེ་བཞིན་དུ་ཚོགས་དང་། སངས་རྒྱས་ཀྱི་ས་དང་། ཕྲིན་ལས་དང་། སྒྲུབ་པ་དང་། རིག་འཛིན་གྱི་ས་དང་། ཚངས་པའི་གནས་རྣམས་ཁྱད་པར་རིམ་པ་བཞིན་གནས་ཏེ། འདི་ལྟ་བུའི་ཁྱད་པར་རྩལ་འཕང་གི་དམ་ཚིག་ཅེས་བྱའོ། །ཞེས་དང་། འོད་གསལ་སྙིང་པོ་ལས། ཁྱད་པར་གྱི་དམ་ཚིག་ནི། སྔགས་བླ་མེད་རང་ལ་གྲགས་པའི་རྩ་བ་དང་ཡན་ལག་གི་དམ་ཚིག་ཏུ་གསུངས་པ་རྣམས་སོ། །ཡང་སྤྱི་ནི་སོ་བྱང་སྔགས་ཀྱི་སྡོམ་པ་ཐམས་ཅད་གང་ཟག་སྤྱི་ཡི་བསྲུང་བྱ་ཡིན་པས་སྤྱི་དང་། རྣལ་འབྱོར་པ་བློ་ཡི་རྩལ་འཕང་མཐོ་དམན་སོ་སོའི་གནས་སྐབས་ན་ལྟ་སྤྱོད་ཕྲིན་ལས་སོགས་རང་རང་གི་ཉམས་དང་སྦྱར་ཏེ་བསྲུང་བ་ནི་ཐུན་མིན་གང་ཟག་སོ་སོའི་བསྲུང་བྱ་ཡིན་པས་ཁྱད་པར་གྱི་དམ་ཚིག་ཅེས་བཤད་པའང་ཡོད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |