38067
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། རིགས་ལྡན་གནས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ལ་ཡང་ཕྱི་ནང་གསང་བའི་གནས་གསུམ་ལས། འདིར་གསང་སྔགས་ཕྱི་ཡི་བསྒྲུབ་གནས་ལ་མཚན་རྟགས་ཀྱི་ཁྱད་པར་རྟགས་བརྒྱད་སོགས་བཀྲ་ཤིས་ཕུན་སུམ་ཚོགས་པའི་ས་གནས་ལ་འཇུག་ཅིང་གནས་པའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ཕུན་སུམ་ཚོགས་པའི་གནས་བཙལ་ན། ས་གནས་རང་ཡང་རུང་བ་ལ། རིག་པས་དཔྱད་ཅིང་བརྟག་ཙམ་ན། ཀླུ་དབང་དག་ལ་རྒྱབ་གཏད་ཅིང་། དྲི་ཟ་དག་ལ་མདུན་བསྟོས་(གཏོད་)པ། གནམ་ལ་འཁོར་ལོ་རྩིབས་བརྒྱད་ཚུལ། ས་ལ་པད་མ་འདབ་བརྒྱད་ཚུལ། རྒྱབ་རི་རྒྱལ་མཚན་ཕྱར་བའི་ཚུལ། རྩེ་མོ་གདུགས་དང་ནོར་བུའི་ཚུལ། མདུན་རི་བུམ་པ་བལྟམས་པ་དང་། རྩི་ཤིང་དཔག་བསམ་ལྗོན་པའི་ཚུལ། གཡས་གཡོན་གསེར་ཉ་འཁྱུག་འདྲ་ལ། སྙན་ལམ་དུང་དཀར་གཤོག་པའི་ཚུལ། རྟོགས་ཆེན་འཁོར་ལོ་བརྩེགས་པ་འདྲ། གནམ་ས་དཔལ་དབྱེ་(དབེའུའི་)ཁོང་སེང་ཚུལ། བཀྲ་ཤིས་ཕུན་ཚོགས་གནས་སུ་བཤད། ཞེས་གསུངས་པས་གསལ་བར་ཤེས་སོ། །དེ་དག་ལ་བསྙེན་པ་ལ་ཡང་ཕྱིའི་བསྙེན་པ་ཞེས་བྱའོ། ། |
| Domain | ཆོས་ལུགས། |