38069
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། ལས་ཀྱི་འཕྱོང་ཆེན་སྡེ་དགུའི་ནང་ཚན་གསལ་བྱེད་མེ་ལོང་པྲ་ཡི་འཕྱོང་གི་ནང་གསེས་ཤིག་སྟེ། དེ་ཡང་རང་གི་སྲོག་ལུས་མངའ་ཐང་བྱ་བྱེད་སོགས་དང་འབྲེལ་བའི་ལེགས་ཉེས་བདེན་རྫུན་གང་ཡིན་རྣམས། ཕྱི་རྫས་སྔགས་ཀྱི་ནུས་པས་གཞན་གྱི་རྒྱུད་ཐོག་ཏུ་གཙང་མའི་ལྷ་དབབ་ནས་དེས་ཇི་ལྟར་སྨྲ་ཞིང་གསལ་བར་བྱེད་པའི་ཉེར་སྤྱོད་ཡན་ལག་གི་བོན་སྐོར་ཞིག་སྟེ། གསང་འདུས་དོན་རྒྱུད་ལས། ཕྱི་ལྟར་འཇིག་རྟེན་གཙང་མའི་ལྷ་རྒོད་རྣམས། སྔགས་དང་རྫས་ཀྱིས་གཞན་གྱི་རྒྱུད་ལ་དབབ། བཟང་ངན་བདེན་རྫུན་ལེགས་ཉེས་ལྟག་བསྙན་(ཉན་)སྨྲ། ཁ་ཚིག་སེམས་ཅན་དེ་ཡིས་འདུལ་བར་བྱེད། འདོད་པའི་ཕྱོགས་སྤངས་བཟང་ངན་དྲང་སྨྲ་ན། ཀུན་རྫོབ་གཞན་ཕན་དོན་དང་འགལ་མི་འགྱུར། གཞན་ཕན་བྱང་ཆུབ་སེམས་དང་སྟོང་འབྲལ་མེད། ཅེས་པས་ངེས་སོ། ། |
| Domain | ཆོས་ལུགས། |