38072
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱི་ལོ་ཡི་རོ་འདོད་ལས་འཆི་རེས་ཞེས་པ་བརྩི་བྱ་དག་གི་རང་ལོའི་མར་གྱི་བཞི་གཤེད་ལ་ཟེར་ཞིང་། དེ་གནམ་ལོར་ཤར་ན་བརྩི་བྱ་དེར་སྤྱིར་རྩུབ་པར་བཤད་པས། རིམ་གྲོ་སྲོག་བསླུ་དང་། ཉེ་འདོན། དཀར་ཆོས་བཅས་བྱ་དགོས། ཕྱི་ཡི་རོ་འདོད་ཆེ་བ་དེའི་སྲོག་ལུས་དབང་ཀླུང་བཞིའི་ཁམས་ཀྱིས་བརྩི་བྱའི་དེ་བཞིའི་ཁམས་གཅོད་ན་ཁྱད་པར་དུ་རྩུབ་པ་ཡིན། གལ་སྲིད་བརྩི་བྱའི་རང་ལོ་ཕག་ཡིན་པར་ཆ་བཞག་ན། དེ་ནས་མར་ལུགས་འབྱུང་དུ་བགྲངས་པའི་བཞི་པ་ཕྱི་ཡི་རོ་འདོད་ཆེ་བ་སྟག་ཡིན་པས། སྟག་གནམ་ལོར་ཤར་དུས་བརྩི་བྱ་ཕག་ལོ་དག་ལ་སྤྱིར་རྩུབ་པ་ལྟ་བུའོ། ། |
| Domain | རྩིས་རིག |