38074

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་ཡི་རྫས་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། བསྙེན་པའི་གཞི་མ་སྒོ་དགུའི་ནང་ཚན་ཡོ་བྱད་རྫས་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་བསྒྲུབ་བྱའི་དཀྱིལ་འཁོར་རང་རང་གི་སྒོ་དང་བསྟུན་པའི་ཕྱི་ཡི་ཡོ་བྱད་ཀྱི་རྫས་རྣམས་གང་དགོས་མ་ཚང་བ་མེད་པར་གསོག་ཅིང་སྤྱོད་པའི་དོན་ནོ། །དེ་ལ་དབྱེ་ན། བླ་གུར་ཐོག་ཕུབ་རྫས་སུ་བསྙེན་པ། དཀྱིལ་འཁོར་གཞལ་ཡས་རྫས་སུ་བསྙེན་པ། དངོས་གྲུབ་ལང་ཚོ་རྫས་སུ་བསྙེན་པ། མཁོ་མཐུན་ལོངས་སྤྱོད་རྫས་སུ་བསྙེན་པ་དང་བཞི་རུ་གསུངས་སོ། །
Domain ཆོས་ལུགས།