38086

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་རོལ་གྱི་དངོས་པོ་རྒུད་པར་སྣང་བ་བཅུ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་བྱུང་བ་སྟེ། སྲོག་གཅོད་པའི་རྣམ་པ་སྨིན་པས་ནི་སའི་མཐུ་ཡོངས་སུ་ཉམས་པར་འགྱུར་རོ། །མ་བྱིན་པར་ལེན་པའི་རྣམ་པར་སྨིན་པས་ནི། སེར་བ་དང་། བྱི་བ་དང་། སྲིན་དང་། མུ་གེ་ལ་སོགས་པ་འབྱུང་བར་འགྱུར་རོ། །འདོད་པ་ལ་ལོག་པར་གཡེམ་པའི་རྣམ་པར་སྨིན་པས་ནི། བ་ཚྭ་དང་། ས་འབབ་པ་དང་། རྡུལ་དང་། རླུང་དང་། ཆར་དྲག་པོ་འབྱུང་བར་འགྱུར་རོ། །བརྫུན་དུ་སྨྲ་བའི་རྣམ་པར་སྨིན་པས་ནི། དྲི་མི་ཞིམ་པར་འགྱུར་རོ། །ཕྲ་མའི་རྣམ་པར་སྨིན་པས་ནི། མཐོ་དམན་དང་། ངམ་གྲོག་དང་། འདབ་རྫབ་དང་། གཡང་ས་དང་། ལྗག་ལྗིག་དང་། ངན་སྐྱུགས་ཀྱི་ལྗན་ལྗིན་འབྱུར་བར་འགྱུར་རོ། །ངག་རྩུབ་པའི་རྣམ་པར་སྨིན་པས་ནི། འབྲས་བུ་ངན་པ་དང་། རེག་ཏུ་མི་བཟོད་པ་དང་། གསེག་མ་དང་། གྱོ་མོ་དང་། ཚེར་མ་ཚང་ཚིང་དག་འབྱུང་བར་འགྱུར་རོ། །ཚིག་ཀྱལ་པའི་རྣམ་པར་སྨིན་པས་ནི། རྩྭ་ཚང་ཚིང་དང་། ནགས་ཐིབས་པ་དང་། འཁྲི་ཤིང་ཚེར་མ་ཚང་ཚིང་ཅན་དག་འབྱུང་བར་འགྱུར་རོ། །བརྣབ་སེམས་ཀྱི་རྣམ་པར་སྨིན་པས་ནི། ལོ་ཏོག་ལ་སོགས་པ་འབྲས་བུ་ཉུང་དུ་འབྱུང་བར་འགྱུར་རོ། །གནོད་སེམས་ཀྱི་རྣམ་པར་སྨིན་པས་ནི། འབྲས་བུ་དང་། ས་བོན་ཚ་བ་དང་། ཁ་བ་འབྱུང་བར་འགྱུར་རོ། །ལོག་པར་ལྟ་བ་ཡང་དག་པར་བླངས་པའི་རྒྱུས་ནི་འབྲས་བུ་མེད་པ་དང་། ཉུང་བའི་ས་བོན་འབྱུང་བར་འགྱུར་བའོ། །
Domain ཆོས་ལུགས།