38087
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ ས་གཞིའི་དངོས་པོ་འདི་ལྟ་སྟེ། གྲོང་དང་། གྲོང་རྡལ་དང་། ཁང་ཁྱིམ་དང་། ཚོང་ཁང་ལ་སོགས་པའོ། །༢ ཀུན་དགའ་ར་བའི་དངོས་པོ་འདི་ལྟ་སྟེ། ཤིང་ལྗོན་པ་དང་། རྩྭ་དང་། སྨན་དང་། ནགས་ཚལ་ལ་སོགས་པའོ། ། ༣ རིའི་དངོས་པོ་འདི་ལྟ་སྟེ། རི་རྣམ་པ་སྣ་ཚོགས་སུ་གནས་པ་རྣམས་སོ། ། ༤ ཆུའི་དངོས་པོ་འདི་ལྟ་སྟེ། ཆུ་མིག་དང་། མཚོ་དང་། མཚེའུ་དང་། ཆུ་ཀླུང་ལ་སོགས་པའོ། ། ༥ ལས་ཀྱི་མཐའི་དངོས་པོ་འདི་ལྟ་སྟེ། ཞིང་ལ་སོགས་པའོ། ། ༦ གསོག་འཇོག་གི་དངོས་པོ་མཛོད་ལ་སོགས་པའོ། ། ༧ ཟས་ཀྱི་དངོས་པོ། ༨ སྐོམ་གྱི་དངོས་པོ། ༩ བཞོན་པའི་དངོས་པོ། ༡༠ གོས་ཀྱི་དངོས་པོ། ༡༡ རྒྱན་གྱི་དངོས་པོ། ༡༢ བཞད་གད་དང་། གླུ་བྲོ་དང་། རོལ་མོའི་སྒྲའི་དངོས་པོ། ༡༣ སྤོས་དང་། མེ་ཏོག་ཕྲེང་དང་། བྱུག་པའི་དངོས་པོ། ༡༤ སྣོད་སྤྱད་ཀྱི་དངོས་པོ། ༡༥ སྣང་བ་དང་མུན་པའི་དངོས་པོ། ༡༦ ཕོ་མོས་དགའ་མགུར་སྤྱོད་པའི་དངོས་པོ་བཅས་སོ། ། |
| Domain | ཆོས་ལུགས། |