3811

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་པར་གྱི་སྤྱོད་པ་ལྔ་ (1)
Part of speech མིང་ཚིག
Definition དགེ་སློང་རང་བཞིན་དུ་གནས་པའི་བསྙེན་བཀུར་བྱེད་པ་དང་དུ་ལེན་པའི་སྤྱོད་པ་དང༌། དེས་དགེ་སློང་རང་བཞིན་དུ་གནས་པ་དང་གནས་ཁང་གཅིག་ཏུ་གནས་མལ་འཆའ་བ་སོགས་མཉམ་འགྲོགས་ཀྱི་སྤྱོད་པ་དང༌། དགེ་སློང་རང་བཞིན་དུ་གནས་པ་ལ་ལྟུང་བ་གླེང་བ་དང༌། དགེ་སློང་རང་བཞིན་དུ་གནས་པ་ལ་ཆད་ལས་བཅད་པ་དང༌། དགེ་སློང་རང་བཞིན་དུ་གནས་པ་དང་ལྷན་ཅིག་ཏུ་འགྲོ་བ་སྟེ་ལྔ་པོ་ལ་ཁྱད་པར་གྱི་སྤྱོད་པ་ལྔ་ཞེ་བྱ་ཞིང་། འདུལ་བ་ལས་བཤད་པའི་སྤོ་མགུ་སྤྱོད་སྐབས་ཁྱད་པར་གྱི་སྤྱོད་པ་ལྔ་སྤང་དགོས་པ་སྤོ་མགུ་སྤྱོད་པའི་གང་ཟག་གིས་གོང་གི་སྤྱོད་པ་ལྔ་པོ་ལ་སྤྱོད་མི་ཆོག་པ་ཡིན།
Domain ཆོས་ལུགས།