From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱི་རོལ་ཤེས་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པ་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། འདུ་བྱེད་ཀྱི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ། འདུ་བྱེད་ཡོངས་སུ་བཤད་པའི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ། ཀུན་ནས་ཉོན་མོངས་པའི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པ། རྣམ་པར་བྱང་བའི་ཕྱི་རོལ་ཤེས་པ་བསམ་གྱིས་མི་ཁྱབ་པའོ། །
|
| Domain
|
ཆོས་ལུགས།
|
ཕྱི་རོལ་ཤེས་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་ཆོས་ཐམས་ཅད་ཀྱི་རང་བཞིན་མཉམ་པ་ཉིད་རྣམ་པར་སྤྲོས་པའི་ཏིང་ངེ་འཛིན་གྱི་རྒྱལ་པོའི་འགྲེལ་པ་གྲགས་པའི་ཕྲེང་བ་ལས་བྱུང་བ་སྟེ། དེས་བྱ་བ་མ་ཡིན་པ་མི་བྱེད་པའི་ཤེས་པ། བྱ་བར་འོས་པ་རྣམས་མི་འདོར་བའི་ཤེས་པ། དམ་བཅས་པ་དེས་བསྒྲུབ་པའི་ཤེས་པ། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་མི་སླུ་བའི་ཤེས་པའོ། །
|