3812

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་པར་གསུམ་ལྡན་གྱི་ཤིན་ལྐོག་སྟོན་པའི་སངས་རྒྱས་ཀྱི་གསུང་ (1)
Part of speech མིང་ཚིག
Definition བླང་དོར་འབྲེལ་ཆགས་པ། མངོན་མཐོ་ངེས་ལེགས་སྒྲུབ་པའི་ཐབས་སྟོན་པ། སྐྱེས་བུའི་མངོན་འདོད་སྒྲུབ་པའི་ཐབས་དང་བཅས་པའི་ཁྱད་པར་གསུམ་དང་ལྡན་པའི་སངས་རྒྱས་ཀྱི་གསུང་ཉིད་ལ་རྟེན་ནས་དཔག་བྱའི་དངོས་པོ་སྟོན་པའི་སངས་རྒྱས་ཀྱི་གསུང་ཞིག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། བླང་དོར་འབྲེལ་ཆགས་སུ་སྟོན་པ་དང་། མངོན་མཐོ་ངེས་ལེགས་སྒྲུབ་ནུས་ཀྱི་རྗེས་སུ་མཐུན་པའི་ཐབས་སྟོན་པ་དང་། གཞལ་བྱའི་གནས་གསུམ་ལ་བརྟགས་ནས་སྐྱེས་བུའི་མངོན་པར་འདོད་པའི་དོན་སྟོན་པའི་དཔྱད་གསུམ་གྱིས་དག་པའི་ལུང་ཁོ་ནའི་དབང་དུ་བྱས་ཏེ་ཞེས་གསུངས། གཞལ་བྱའི་གནས་གསུམ་ནི། མངོན་གྱུར། ཅུང་ཟད་ལྐོག་གྱུར། ཤིན་ཏུ་ལྐོག་གྱུར་རོ། །
Domain ཚད་མ།