38127
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | གནས་ནི། གནས་རི་རབ་བམ་གྱད་ཀྱི་ཡུལ་དུ་བཤད་པ་དེ་ཕྱི། བཙུན་མོར་བྷ་གར་གསུངས་པ་དེ་ནང། སྟོན་པ་ནི། སྟོན་པ་རྣམ་སྣང་གིས་གསུངས་པ་དེ་ཕྱི། རྡོ་རྗེ་འཆང་གིས་གསུངས་པ་དེ་ནང་། འཁོར་ནི། ལམ་དུག་ལྔ་སྤོང་བ་ནི་ཕྱི། དེ་ལམ་དུ་བྱེད་པ་དེ་ནང་། མཆོད་པ་ལ་བཞི་སྟེ། ཕྱིའི་རྫས་ཀྱི་མཆོད་པ་ཕྱི། ནང་གསང་བ་དེ་ཁོ་ན་ཉིད་ཀྱིས་མཆོད་པ་དང་གསུམ་གྱིས་མཆོད་པ་དེ་ནང་ངོ་། །དབང་ནི། བུམ་དབང་གཙོ་བོར་སྟོན་པ་ཕྱི། ཟབ་མོའི་དབང་གསུམ་གཙོ་བོར་སྟོན་པ་ནི་ནང་ངོ་། །ཡང་ཕྱི་རྒྱུད་གསུམ་ནི་དུག་ལྔ་མགོ་གནོན་པའི་དུག་ལྔ་ཐུབ་པས་ཕྱི་ཐུབ་པ། དུག་ལྔ་ཉིད་སངས་རྒྱ་བའི་ཐབས་སུ་གསུངས་པ་ནང་ཐབས་ཀྱི་རྒྱུད་དོ། །ཡང་ན་ཡེ་ཤེས་ཁ་ཕྱིར་བལྟས་ཏེ་ཕྱི་ནས་འཚོལ་བས་ན་ཕྱི། ཡེ་ཤེས་ཁ་ནང་དུ་བལྟས་ཏེ་སེམས་ཉིད་ལས་ལོགས་སུ་ལྷ་མ་གྲུབ་པར་འདོད་པ་ནང་པའི་རྒྱུད་དོ། ། |
| Domain | ཆོས་ལུགས། |