38128
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱི་རྒྱུད་སྡེ་གསུམ་ནི། གསང་སྔགས་ཕྱི་པ་སྟེ། བྱ་རྒྱུད་དང་། སྤྱོད་རྒྱུད་དང་། རྣལ་འབྱོར་གྱི་རྒྱུད་གསུམ་མམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་གསུམ་མོ། །འདི་ལ་ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་ཞེས་ཀྱང་གྲགས་ཏེ། ཡིད་ཀྱི་མུན་སེལ་ལས། འབྲས་བུ་གསང་སྔགས་ཀྱི་ཐེག་པ་ལ་གཉིས་ཏེ། ཕྱི་ཐུབ་པ་རྒྱུད་ཀྱི་ཐེག་པ་དང་། ནང་གསང་སྔགས་ཀྱི་ཐེག་པའོ། །དང་པོ་ལ་གསུམ་ལས། བྱ་བའི་རྒྱུད་ཀྱིས་ནི་རང་ཉིད་བྲན་དང་། ལྷ་རྗེ་ཡི་ཚུལ་ལས་དངོས་གྲུབ་འདོད་ཅིང་། ཁྲུས་དང་གཙང་སྦྲ་གཙོར་བྱེད་པས་བསྒྲུབས་ལ། སྤྱོད་པའི་རྒྱུད་ཀྱིས་ནི་དམ་ཚིག་སེམས་དཔའ་དང་། ལྷ་ཡེ་ཤེས་སེམས་དཔའ་གཉིས་སྤུན་ནམ་གྲོགས་པོའི་ཚུལ་ལས་དངོས་གྲུབ་འདོད་ཅིང་། ལྟ་སྒོམ་ཡོ་ག་དང་འདྲ་ལ། སྤྱོད་པ་ཀྲི་ཡ་ལྟར་བྱེད་པས་གཉིས་བཅས་ཀྱི་ཐེག་པ་ཞེས་བྱའོ། །རྣལ་འབྱོར་གྱི་རྒྱུད་ནི་སེམས་ཀྱི་སྒོམ་པ་གཙོ་སྟེ། སྤྱོད་པ་གྲོགས་ཙམ་ཚོལ་བས་རང་དམ་ཚིག་པར་བསྐྱེད་ལ། ལྷ་ཡེ་ཤེས་པ་གཞན་ནས་བསྒྲུབ་ཅིང་དངོས་གྲུབ་ལེན་པར་འདོད་དོ། །ཞེས་གསུངས། |
| Domain | ཆོས་ལུགས། |