38129

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་རྒྱུད་སྡེ་གསུམ་གྱི་དཔལ་ལྡན་རྡོ་རྗེ་འཆང་གསུམ་ (1)
Part of speech མིང་ཚིག
Definition སྔགས། རྫོགས་ཆེན། རྙིང་མ། འཇམ་དཔལ་མཚན་བརྗོད་ཀྱི་སྐབས། དེ་ནས་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་པའི་དོན་ལ། རྫོགས་ཆེན་སྤྱི་ཏི་ཡོ་གའི་ལུགས་ལྟར་རྒྱུད་ཚིག་འབྲུ་གཉེར་གྱིས་རྣམ་པ་བཅུར་བཀྲལ་ཏེ་གསུངས་པའི་ཡ་གྱལ། ཕྱི་རྒྱུད་སྡེ་གསུམ་གྱི་དཔལ་ལྡན་རྡོ་རྗེ་འཆང་ལ། ཀྲི་ཡའི་དཔལ་ལྡན་རྡོ་རྗེ་འཆང་དང་། ཨུ་པ་ཡའི་དཔལ་ལྡན་རྡོ་རྗེ་འཆང་དང་། ཡོ་གའི་དཔལ་ལྡན་རྡོ་རྗེ་འཆང་བཅས་གསུམ་དུ་གསུངས་ཏེ། འདི་དག་གི་དོན་ནི། ཉི་ཟླ་འབར་བའི་སྒྲོན་མ་ལས། ཕྱི་རྒྱུད་སྡེ་གསུམ་གྱི་དེ་ནས་དཔལ་ལྡན་རྡོ་རྗེ་འཆང་ལ་གསུམ་སྟེ། དེ་ནས་ཞེས་པ་ནི་ཀྲི་ཡ་ཁྲུས་དང་གཙང་སྦྲའི་སྒོ་དེ་ནས་སོ། །དཔལ་ནི་བདག་དོན་གཞན་དོན་ནོ། །ལྡན་པ་ནི་རིགས་གསུམ་དང་ལྡན་པའོ། །རྡོ་རྗེ་ནི་ཕྱག་ན་རྡོ་རྗེ་སྟེ། འཆང་བ་ནི་དག་པ་ཆོས་ཉིད་ཀྱི་དོན་འཆང་བའོ། །ཨུ་པ་ཡའི་དེ་ནས་ནི་གཟའ་སྐར་དུས་ཚིགས་ཀྱི་དེ་ནས་སོ། །དཔལ་ལྡན་ནི་ལྷ་ཡེ་ཤེས་དང་བདག་དམ་ཚིག་སེམས་དཔའ་གཉིས་རྗེ་དང་གཡོག་གི་ཚུལ་དུ་ལྡན་པའོ། །རྡོ་རྗེ་འཆང་བ་ནི་རིགས་བཞིའི་དོན་འཆང་བའོ། །ཡོ་གའི་དེ་ནས་ནི་ཆོ་འཕྲུལ་རྣམ་པ་བཞིའི་དེ་ནས་སོ། །དཔལ་ལྡན་ནི་ཡོ་གའི་ལྷ་སུམ་ཅུ་རྩ་གཉིས་དང་ལྡན་པའོ། །རྡོ་རྗེ་ནི་རྡོ་རྗེ་སེམས་དཔའོ། །འཆང་བ་ནི་རིགས་ལྔའི་དོན་འཆང་བ་སྟེ། ཕྱི་རྒྱུད་ཀྱི་འབྲུ་གསུམ་མོ། །ཞེས་གསུངས།
Domain [ཆོས་ལུགས།, ལྟ་གྲུབ།]