38133
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དེ་ཡང་གསང་བ་སྔགས་ཀྱི་སྤྱི་སྤུངས་གཞུང་ཆོག་ཉམས་སུ་ལེན་ཞིང་བསྙེན་བསྒྲུབ་སོགས་ལ་བརྩོན་དུས། སྔོན་འགྲོ་རྒྱན་བཀོད་ཀྱི་སྐབས་སུ་དཀྱིལ་འཁོར་གང་གི་ལྷ་སྲུང་རྣམས་ཀྱི་རྟེན་དུ་དགོད་བྱའི་རྟེན་རྫས་དབལ་མདུང་དང་པུ་ཟངས་བྱ་ཁྲའི་རྒྱང་རིས་སོགས་སྒྲུབ་ཁང་ཐོག་ཏུ་གཟུག་ཅིང་འགོད་པའི་དོན་ནོ། །ལྷ་ཚོགས་ཀྱི་རྟེན་དུ་བསྙེན་པར་བྱ་བ་ལ་དབྱེ་ན་གསུམ་སྟེ། ཕྱི་རྟེན། ནང་རྟེན། གསང་རྟེན་ནོ། །འདིའི་ཕྱི་རྟེན་སྐོས་ནི། གཙོ་བོར་བོན་སྐྱོང་སྲུང་མའི་རྟེན་ཡིན་ཏེ། གཟི་བརྗིད་ཐེག་པ་བདུན་པ་ཨ་དཀར་གྱི་མདོ་ལས། བསྟན་པ་འཛིན་སྐྱོང་སྤེལ་བ་ཡི། སྲུང་མ་གཉེན་པོ་གཙོ་ཆེ་བས། ཕྱི་རྟེན་གཉེན་པོ་བཅའ་བར་བྱ། ཞེས་པས་སོ། །དེ་ཡང་རྟེན་དུ་བྱ་རྒྱུ་ནི། དེ་ཉིད་ལས། རིན་ཆེན་སྐུ་མཁར་བར་དང་བཅས། ཡུལ་ཞིང་བང་ཁང་བཅུད་དང་བཅས། འཁོར་དང་ལོངས་སྤྱོད་ཟས་ནོར་བཅས། ཤུགས་ལྡན་རྟ་མཆོག་མཛེས་པ་དང་། ཚེ་དེ་ཕྱ་ར་ཞལ་དཀར་དང་། ཤེལ་དཀར་ལུག་ཕོ་སྤྱི་དཀར་དང་། དབལ་གཡག་ཁམ་པ་ཟེལ་མཐུན་དང་། ལྷ་འབྲི་ཤོལ་མོ་འགབ་འཕན་དང་། མཁའ་ལྡིང་བྱའུ་དེ་ཕོ་དང་། ཕུན་སུམ་ཚོགས་པའི་དཀོར་ནོར་རྣམས། ཕྱི་ཡི་རྟེན་དུ་ཤེས་པར་བྱ། ཞེས་གསུངས་པས་ཤེས་སོ། ། |
| Domain | ཆོས་ལུགས། |