38149
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱུའི་རྒྱན་གྱི་ནང་གསེས་ལྔ་པ་སྟེ། དུས་བཞི་ལ་སོགས་པ་ཕྱིའི་གཟུགས་གང་ཡང་རུང་བ་ཞིག་གི་གནས་སྐབས་གང་མཚོན་པའི་རྒྱུ་དག་བརྗོད་པ་ལ་བརྟེན་ནས། ཤེས་བྱ་དུས་ཚིགས་སོགས་ཀྱི་གནས་སྐབས་གང་ཡིན་པ་གོ་བར་བྱེད་པའི་ཚིག་གི་བརྗོད་ཚུལ་ཡིད་དུ་འོང་བའི་ཉམས་དང་ལྡན་པ་ཞིག། |
| Example | བོད་མཁས་པས། འཛིན་མའི་དཀྱིལ་འཁོར་སྣུམ་བག་བྲལ་གྱུར་ཅིང། །ཉལ་འགྲོ་མ་རྣམས་ཆབ་རོམ་གུར་དུ་ཕིབས། །ཉིད་བྱེད་འོད་ཟེར་ཡན་ལག་བསྐུམས་པའི་དུས། །བདག་ཀྱང་མལ་ཆུང་གྲུ་བཞིར་མཉམ་པར་འཇོག །ལྟ་བུ། |
| Domain | རྩོམ་རིག |