38159

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་སྐོང་ལ་བསྙེན་པ་ (1)
Part of speech མིང་ཚིག
Definition སྔགས། ཡེ་གཤེན་རྒྱུད། བོན། ཐར་གླུད་སྐོང་ལ་བསྙེན་པ་ཞེས་བྱ་སྟེ། དེ་ཡང་གསང་སྔགས་ཀྱི་བསྒྲུབ་གནས་སམ་གཞི་གནས་བཙལ་ཅིང་འཇུག་པའི་སྐབས་སོགས་སུ། དགེ་ལ་མི་མོས་ཤིང་། ལོག་པར་ལྟ་བ་དང་། དགེ་བའི་ལས་ལ་བར་ཆོད་གཏོང་བ། ཐར་ལམ་ལ་གེགས་བྱེད་པའི་གཞི་བདག་བདུད་དང་བགེགས་ཀྱི་རིགས་དེ་དག་གི་འདོད་ཞེན་སྐོང་ཞིང་བར་ཆོད་ཟློག་པའི་དོན་དུ། གཤེན་རབ་དགོངས་པ་དང་ལྡན་པས་འཇིག་རྟེན་ཐུན་མོང་གི་མཁོ་མཐུན་འདོད་ཡོན་སྣ་ཚོགས་གླུད་དུ་སྤྱད་ཅིང་ཚིམ་པར་བསྔོ་བའི་དོན་ཏེ། དཔལ་གསང་བ་འདུས་པའི་དོན་གྱི་རྒྱུད་ལས། ལྷན་གཅིག་སྐྱེས་པའི་བདུད་ཀྱི་གཙོ། དགེ་ལ་མི་མོས་ལོག་པར་ལྟ། དགེ་བའི་ལས་ལ་བར་ཆོད་གཏོང། ཐར་ལམ་བཀྲོད་ཅིང་གེགས་ཤིང་བྱེད། དེ་ཕྱིར་ལན་ཆགས་གླུད་ཀྱིས་བསྐང་། ཞེས་གསུངས་པས་སོ། །
Domain ཆོས་ལུགས།