38165

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱི་སྒྲུབ་ཁྲོ་འདུས་མེའི་འཁོར་ལོ་བྱིན་བརླབས་ཀྱི་རྩ་བ་རཏྣ་གླིང་པའི་ཐུགས་བཅུད་ (1)
Part of speech མིང་ཚིག
Definition ཕྱི་སྒྲུབ་ཁྲོ་འདུས་མེའི་འཁོར་ལོ་བྱིན་བརླབས་ཀྱི་རྩ་བ་རཏྣ་གླིང་པའི་ཐུགས་བཅུད། ཅེས་བྱ་བ་སྟེ། གཏེར་གཞུང་ལས། རྗེ་བཙུན་ཨོ་རྒྱན་པདྨ་ལ༔ བདག་འདྲ་ཤེས་རབ་མཚོ་རྒྱལ་གྱིས༔ མཁར་ཆུ་གསང་བའི་དབང་ཕུག་ཏུ༔ ཐུགས་སྒྲུབ་དྲག་པོའི་གཏེར་གཅིག་ལ༔ ཀུན་གྱི་ཡང་ཞུན་རྩོད་བྲལ་འདི༔ གུས་པར་ཞུས་ནས་ཡི་གེར་བྲིས༔ ལྷོ་གཏེར་འབྲས་བུའི་ཚུལ་དུ་སྦས༔ དུས་ཀྱི་ཐ་མར་སྐྱེས་བུ་སྙིང་སྟོབས་ཅན༔ ཆོས་བདག་བུ་དང་ཕྲད་དེ་སྤྱོད་པར་འགྱུར༔ ཞེས་པ་ལྟར། གཏེར་ཆེན་རཏྣ་གླིང་པས་བྱི་བའི་ལོ་ལ་མཁར་ཆུ་ཕུག་རིང་ནས་གདན་དྲངས། འདིིའི་ནང་དོན་ལ། རང་ཉིད་ཡི་དམ་གྱི་ལྷར་གསལ་བའི་ངང་ནས་བསྐྱེད་རིམ་སྲུང་འཁོར་སྟོན་པ་དང། བཟླས་སྔགས་ཀྱི་འཕྲོ་འདུ་བྱ་བ། གནད་ཀྱིས་གཟེར་མཐའ་རྒྱས་སུ་སྟོན་པའི་སྒོ་ནས་བསྟན་པ་ལ་གནོད་པའི་རྒྱལ་བསེན་འབྱུང་པོ་ལ་སོགས་པ་འདུལ་བའི་རིམ་པ་བསྟན།