From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱིད་པ་ (1)
| Part of speech
|
མིང་ཚིག
|
| Definition
|
རྐང་ལག་སོགས་གྲང་ངར་གྱིས་བསྡམས་ནས་མདོག་དམར་པོར་གྱུར་པའི་དོན།
|
| Example
|
གངས་བརྒལ་ནས་རྐང་པ་ཕྱིད་པ། གྲང་ངར་གྱིས་ཁ་ངོ་ཕྱིད་པ་ལྟ་བུ།
|
ཕྱིད་པ་ (2)
| Part of speech
|
མིང་ཚིག
|
| Definition
|
ལྡིང་བ་དང་འཕྱོང་བ་སོགས་ཀྱི་དོན་དུ་གོ།
|
ཕྱིད་པ་ (3)
| Part of speech
|
མིང་ཚིག
|
| Definition
|
འདེང་བ། ལྡང་བ་དང་ལོངས་པའི་དོན་ལ་འཇུག་སྟེ། བརྡ་ཡིག་བློ་གསལ་མགྲིན་རྒྱན་ལས། ཕྱིད་པ་ནི་ལྡང་བ་དང་ལོངས་པའི་དོན་ཏེ། འཚོ་བ་མ་ཕྱིད་ཟེར་བ་ལྟ་བུ་ཞེས་གསུངས།
|
| Example
|
ཐོག་མའི་བློ་སྦྱོང་ལས། མཚན་མོ་གྲོང་གི་རྐུན་མ་བྱས་ཀྱང་ལྟོ་མ་ཕྱིད་ཅེས་པ་ལྟ་བུ།
|
| Type
|
བརྡ་རྙིང་།
|
ཕྱིད་པ་ (4)
| Part of speech
|
མིང་ཚིག
|
| Definition
|
རྒན་པོའི་མིང་དུ་བཤད།
|