From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱིན་ཅི་མ་ལོག་པ་རྣམ་པ་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་རྣམ་པར་བཤད་པ་ལས་བྱུང་བ་སྟེ། ༡ གཟུགས་ལ་དངོས་པོ་དེ་ཉིད་ལ་མི་རྟག་པའི་འདུ་ཤེས། ༢ སྡུག་བསྔལ་བའི་འདུ་ཤེས། ༣ བདག་མེད་པའི་འདུ་ཤེས། ༤ མི་གཙང་བའི་འདུ་ཤེས་སོ། །
|
| Domain
|
ཆོས་ལུགས།
|
ཕྱིན་ཅི་མ་ལོག་པ་རྣམ་པ་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
དཀོན་བརྩེགས་འཕགས་པ་འོད་སྲུང་གི་ལེའུ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ མི་རྟག་པ་ལ་རྟག་པར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་མི་རྟག་པ། ༢ སྡུག་བསྔལ་བ་ལ་བདེ་བར་འདུ་ཤེས་པ་ལ་འདུ་བྱེད་ཐམས་ཅད་སྡུག་བསྔལ་བ། ༣ བདག་མེད་པ་ལ་བདག་ཏུ་འདུ་ཤེས་པ་ཆོས་ཐམས་ཅད་བདག་མེད་པ། ༤ མི་སྡུག་པ་ལ་སྡུག་པར་འདུ་ཤེས་པ་ལ་མྱ་ངན་ལས་འདས་པ་ཞི་བས་གསོ་བ་དང་། ལུས་དང་། ཚོར་བ་དང་། སེམས་དང་། ཆོས་ལ་གནས་པ་རྣམས་ལ་དྲན་པ་ཉེ་བར་བཞག་པ་བཞིའོ། །
|