38197
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཨ་ནུ་ཡོ་ག རྙིང་མ། མའི་མངལ་དུ་བདུན་ཕྲག་སོ་བདུན་པའི་གནས་སྐབས་སུ་ལས་རླུང་ལྡང་བའམ་དྭངས་པས་བསྐྱེད་པའི་ཕྱིན་ཅི་མ་ལོག་གི་འདུ་ཤེས་ལྔ་སྟེ། དགའ་བོ་མངལ་འཇུག་གི་མདོ་ལས། ཕྱིན་ཅི་ལོག་ཏུ་མ་གྱུར་པའི་འདུ་ཤེས་རྣམ་པ་ལྔ་འབྱུང་བར་འགྱུར་རོ། །ལྔ་གང་ཞེ་ན། མི་གཙང་བའི་འདུ་ཤེས་དང༌། དྲི་མི་ཞིམ་པའི་འདུ་ཤེས་དང༌། བཙོན་རའི་འདུ་ཤེས་དང༌། མུན་ནག་གི་འདུ་ཤེས་དང༌། ཡོངས་སུ་སྐྱོ་ནས་ཕྱིར་འབྱུང་བའི་འདུ་ཤེས་སྐྱེ་བ་གང་ཡིན་པ་སྟེ། མངལ་ན་གནས་པ་དེ་ཡོངས་སུ་སྐྱོ་བའི་བསམ་པ་དེ་ལྟ་བུ་དག་སྐྱེ་བར་འགྱུར་རོ། །ཞེས་གསུངས། |
| Domain | ཆོས་ལུགས། |