3820

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ (1)
Part of speech མིང་ཚིག
Definition རང་བཞིན་གྱི་རྟགས་ཡང་དག་གི་ནང་ཚན་ཞིག་སྟེ།
Example སྒྲ་ཆོས་ཅན། མི་རྟག་སྟེ། དངོས་པོ་ཡིན་པའི་ཕྱིར། ཞེས་པ་ལྟ་བུའོ། །
Domain ཚད་མ།
ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ (2)
Part of speech མིང་ཚིག
Definition རང་ཉིད་བརྗོད་པའི་སྒྲས་རང་གི་རྒྱུའམ་བྱེད་པ་པོ་བློ་ཡི་ཡུལ་དུ་འཕེན་མི་ནུས་པའི་རང་བཞིན་གྱི་རྟགས་ཡང་དག པཎ་ཆེན་བསོད་ནམས་གྲགས་པའི་རྣམ་འགྲེལ་དགོངས་པ་རབ་གསལ་ལས། རང་བཞིན་གྱི་རྟགས་ཡང་དག་ཡིན་པ་གཞིར་བཅས་པ་ལ། རང་བརྗོད་པའི་སྒྲས་རང་གི་བྱེད་པ་པོ་མི་འཕེན་པ་དེའི་མཚན་ཉིད། འདིར་བྱེད་པ་པོ་ཞེས་པ་རང་རང་གི་རྒྱུ་ལ་གོ་དགོས།
ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ (3)
Part of speech མིང་ཚིག
Definition དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་གང་ཡང་མི་འཕེན་པའི་རྟགས་དེ་ལ་ཟེར་བ་ཡིན་ཏེ། མཁས་གྲུབ་སྦྱིན་པ་དར་རྒྱས་ཀྱི་མཛད་པའི་དགའ་བྱང་རྟགས་རིགས་ཟུར་རྒྱན་བློ་གསལ་གཞོན་ནུའི་ཡིད་འཕྲོག་དགའ་སྟེར་ལས། དངོས་པོ་ཆོས་ཅན། སྒྲ་མི་རྟག་པར་སྒྲུབ་པའི་ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ཡིན་ཏེ། དེ་སྒྲུབ་ཀྱི་རང་བཞིན་གྱི་རྟགས་ཡང་དག་གང་ཞིག རང་ཞེས་བརྗོད་པའི་སྒྲས་རང་གི་ཁྱད་ཆོས་གང་ཡང་མི་འཕེན་པའི་ཕྱིར། ཞེས་གསུངས་པའི་ཕྱིར།
ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་ (4)
Part of speech མིང་ཚིག
Definition རང་བཞིན་གྱི་རྟགས་ཡང་དག་ལ་གཉིས་དབྱེ་བའི་ཡ་གྱལ་ཞིག་སྟེ། རྗེ་ཙོང་ཁ་པའི་སྡེ་བདུན་ལ་འཇུག་པའི་སྒོ་དོན་གཉེར་ཡིད་ཀྱི་མུན་སེལ་ལས། ཁྱད་པར་དག་པ་བའི་རང་བཞིན་གྱི་རྟགས་ཡང་དག་གི་མཚན་ཉིད། རང་བཞིན་གྱི་རྟགས་ཡང་དག་གང་ཞིག ། ཁྱོད་ཅེས་བརྗོད་པའི་སྒྲས་ཁྱོད་ཀྱི་ལྡོག་པ་བྱེད་ཆོས་མ་འཕངས་པ། དཔེར་ན་སྒྲ་མི་རྟག་སྒྲུབ་ལ་དངོས་པོ་བཀོད་པ་ལྟ་བུ། ཞེས་གསུངས།