38202

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིན་ཅི་ལོག་གི་འདུ་ཤེས་བརྒྱད་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མའི་མངལ་དུ་བདུན་ཕྲག་ཉེར་བརྒྱད་པའི་གནས་སྐབས་སུ་ལས་རླུང་རྟོག་པ་ཞེས་པས་བསྐྱེད་པའི་ཕྱིན་ཅི་ལོག་གི་འདུ་ཤེས་བརྒྱད་དེ། དགའ་བོ་མངལ་འཇུག་གི་མདོ་ལས། བརྒྱད་གང་ཞེ་ན། འདི་ལྟ་སྟེ། ཁྱིམ་གྱི་འདུ་ཤེས་དང༌། གཞོན་པའི་འདུ་ཤེས་དང༌། ཀུན་དགའ་ར་བའི་འདུ་ཤེས་དང༌། ཁང་པ་བརྩེགས་པའི་འདུ་ཤེས་དང༌། སྐྱེད་མོས་ཚལ་གྱི་འདུ་ཤེས་དང༌། ཁྲི་ལ་འདུག་པའི་འདུ་ཤེས་དང༌། ཆུ་བོའི་འདུ་ཤེས་དང༌། རྫིང་གི་འདུ་ཤེས་ཏེ་ཡང་དག་པར་འདི་དག་ཡོང་བ་མ་ཡིན་ཡང་། ཡང་དག་པ་མ་ཡིན་པའི་རྣམ་པར་རྟོག་པ་སྐྱེད་པར་བྱེད་དོ། །ཞེས་སོ། །
Domain ཆོས་ལུགས།