38205
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ལོག་ལྟ་བཞི་སྟེ། མི་གཙང་བ་ལ་གཙང་བར་འཛིན་པ་དང༌། བདག་མེད་པ་ལ་བདག་ཏུ་འཛིན་པ། སྡུག་བསྔལ་ལ་བདེ་བར་འཛིན་པ། མི་རྟག་པ་ལ་རྟག་པར་འཛིན་པ་བཅས་བཞིའོ། །དེ་ཡང་ལྟ་བ་གསུམ་ལས་ཕྱིན་ཅི་ལོག་བཞི་ཚན་ཏེ། མཐར་འཛིན་ལྟ་བའི་ནང་ནས་རྟག་པར་ལྟ་བ་ནི་རྟག་པར་ཕྱིན་ཅི་ལོག་པ་ཞེས་བྱའོ། །ལྟ་བ་མཆོག་འཛིན་ལས་བདེ་བ་དང་གཙང་བར་འཛིན་པའི་ཕྱིན་ཅི་ལོག་གཉིས་དང། འཇིག་ཚོགས་སུ་ལྟ་བ་ལས་བདག་ཏུ་ལྟ་བ་ཕྱིན་ཅི་ལོག་གོ ། ཕྱིན་ཅི་ལོག་པར་གང་གིས་འཇོག་ན། དམིགས་པ་ལ་ཕྱིན་ཅི་ལོག་པའི་ཕྱིར་དང་། ངེས་པར་རྟོག་པའི་ཕྱིར་དང་། སྒྲོ་འདོགས་པའི་ཕྱིར་རོ། །མདོ་ལས་འདུ་ཤེས་ཕྱིན་ཅི་ལོག་པ་དང་། སེམས་ཕྱིན་ཅི་ལོག་པ་དང་། ལྟ་བ་ཕྱིན་ཅི་ལོག་པ་ཞེས་གསུངས་ན་ཇི་ལྟ་བུ། འདི་ནི་ལྟ་བ་ཕྱིན་ཅི་ལོག་པ་ཡིན་ཏེ། ལྟ་བ་ཕྱིན་ཅི་ལོག་པ་དེའི་དབང་གིས་དེ་དང་མཚུངས་པར་ལྡན་པའི་སེམས་དང་འདུ་ཤེས་ཕྱིན་ཅི་ལོག་ཏུ་བཤད་པ་ཡིན་ནོ། ། |
| Domain | ཆོས་ལུགས། |