38223
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྙིང་མ། ཕྱིའི་ཁམས་གསུམ་ནི། འདོད་ཁམས་དང་། གཟུགས་ཁམས་དང་། གཟུགས་མེད་ཁམས་བཅས་གསུམ་སྟེ། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། འདོད་པའི་ཁམས་ཉི་ཤུ་དང་། གཟུགས་ཀྱི་ཁམས་བཅུ་བདུན་དང་། གཟུགས་མེེད་པའི་ཁམས་བཞི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་ཀྱང་། ཡུལ་ཆོས་ཀྱི་དབྱིངས་ཀྱི་ངང་ཉིད་དུ་འདུས་པས། རྟོག་པའི་ཡུལ་ཅན་ཐམས་ཅད་ལས་སྤགས་ཏེ། དེའི་རྟགས་སུ་ནང་གི་གཞལ་ཡས་ཁང་ཡང་སུམ་བརྩེགས་སུ་གནས་ལ། ཕྱི་རོལ་གྱི་མཆོད་རྟེན་ལ་ཡང་ཁྲི་འཕང་དུ་བཅས་པའོ། །ཞེས་གསུངས། |
| Domain | ཆོས་ལུགས། |