38240
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། ཡེ་གཤེན་རྒྱུད། བོན། དཔོན་གསས་ལྷ་ལ་བསྙེན་པའི་སྐབས་སུ། དཔོན་གསས་བླ་མའི་ཡོན་ཏན་གྱི་ཁྱད་པར་ལ་དཔེ་དོན་རྟགས་གསུམ་དང་མཚན་ཉིད་ལྡན་པ་བཅས་བཞི་རུ་བཤད་པའི་མཚན་ཉིད་ལྡན་པ་དེ་ལའང་ཕྱི་ནང་གསང་བའི་མཚན་ཉིད་བཅུའམ་བཅུ་གཅིག་ཡོད་པའི་ཕྱིའི་མཚན་ཉིད་དང་ལྡན་པ་དེ་ཡིན་ལ། དེ་དག་ལས་ཕྱིའི་མཚན་ཉིད་བཞི་ཡི་གྲངས་ནི། སྒྲིབ་དག་མཚན་དང་དཔེ་བྱད་ལྡན་པ། དལ་འབྱོར་ཕུན་སུམ་འཚོགས་པ། གཟི་བརྗིད་ཀྱིས་གཞན་སྣང་ཟིལ་གྱིས་གནོན་པ། ཚངས་པའི་དབྱངས་༼ཀྱི་༽ཐེག་རྒྱུད་ལྡན་པ་དང་བཞི་རུ་བཤད་དོ། །དེ་དག་རྒྱུ་གང་ལས་འབྱུང་བ་ནི། དེའི་དང་པོ་ནི། ཕྱག་སྐོར་མོས་འདུན་རྒྱུན་བརྩོན་པ་ལས་འབྱུང་ངོ་། །གཉིས་པ་ནི། དལ་འབྱོར་སོགས་ཆུད་མ་ཟོས་པར་དཀའ་བ་སྤྱད་པ་ལས་འབྱུང་བའོ། །གསུམ་པ་ནི། ཡི་དམ་གྱི་ཕྱག་རྒྱ་རྒྱུན་དུ་བསྒྱུར་བ་ལས་འབྱུང་བའོ། །བཞི་པ་ནི། གྱེར་ཟློག་སྔགས་ལ་རྒྱུན་དུ་བརྩོན་པ་ལས་འབྱུང་བར་བཤད་དོ། ། |
| Domain | ཆོས་ལུགས། |