38241

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིའི་མཚན་དཔེ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱིའི་མཚན་དཔེ་ནི། གསང་སྔགས་རྡོ་རྗེ་ཐེག་པའི་ལུགས་ཀྱི་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་སོ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུ་ལ་ཕྱི་ནང་གསང་གསུམ་དུ་གསུངས་པའི་ཡ་གྱལ། ཕྱིའི་མཚན་དང་དཔེ་བྱད་དེ། དཔལ་གསང་བ་སྙིང་པོའི་རྒྱུད་དོན་གསལ་བྱེད་མེ་ལོང་ལས། ཐུན་མོང་མ་ཡིན་པའི་མཚན་དཔེ་ནི་གསུམ་སྟེ། ཕྱིའི་མཚན་དཔེ་ནི་དྲུག་པ་ཀུན་ཏུ་བཟང་པོ་ཡབ་ཡུམ་གྱི་ཐུགས་རིག་པ་རང་བྱུང་གི་ཡེ་ཤེས་ཐབས་ཀྱི་སྣང་ཆ་ལས་སེམས་དཔའ་བཅུ་དྲུག དབྱིངས་རྣམ་པར་དག་པ་ཤེས་རབ་ཀྱི་སྣང་ཆ་ལས་སེམས་མ་བཅུ་དྲུག་སྟེ། དེ་ལྟར་སུམ་ཅུ་རྩ་གཉིས་ནི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། །འོ་ན་སེམས་དཔའ་བརྒྱད་སེམས་མ་བརྒྱད་དེ་བཅུ་དྲུག་ཏུ་བཤད་པ་དང་འགལ་ལོ་ཞེ་ན། དེ་ནི་རྒྱུ་སྐལ་བཟང་གི་སེམས་དཔའ་སེམས་མ་བཅུ་དྲུག་ཡིན་ལ། འདིར་འབྲས་བུ་དཔེ་བྲལ་གྱི་སེམས་དཔའ་ཡབ་བཅུ་དྲུག་དང་ཡུམ་བཅུ་དྲུག་སྟེ་སུམ་ཅུ་རྩ་གཉིས་སོ། །དེ་ལྟར་འབྲས་བུའི་སེམས་དཔའ་ཡབ་བཅུ་དྲུག་པོ་རེ་རེ་ལའང་དབུ་རྒྱན་གྱི་ལྷ་ལྔ་ལྔ་སྟེ་བརྒྱད་ཅུ་ནི་དཔེ་བྱད་བཟང་པོ་བརྒྱད་ཅུའོ། །ཞེས་གསུངས། རྒྱས་པར་ཐུན་མོང་མ་ཡིན་པའི་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུའི་སྐབས་ལའང་གཟིགས།
Domain ཆོས་ལུགས།