38246

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིའི་ཡོངས་འཛིན་དགེ་བཤེས་ (1)
Part of speech མིང་ཚིག
Definition མཚན་ཉིད་ནི། བྱང་སེམས་སྦྱོར་ལམ་པ་ལ་ངོ་བོ་ཉིད་མེད་པ་ལ་སོགས་ཀྱི་ཆོས་སྟོན་པའི་སྒོ་ནས་ཐེག་དམན་དུ་མི་ལྟུང་བར་ཐེག་ཆེན་དུ་ཡོངས་སུ་འཛིན་པར་བྱེད་པའི་དགེ་བའི་བཤེས་གཉེན་ནོ། །ཞེས་ཀུན་མཁྱེན་གོ་རམས་པའི་སྦས་དོན་རབ་གསལ་ལས་སོ། །པཎ་ཆེན་ངག་ཆོས་ཀྱིས། བྱང་སེམས་སྦྱོར་ལམ་པ་ལ་ཆོས་ཐམས་ཅད་ངོ་བོ་ཉིད་མེད་པ་ལ་སོགས་པའི་ཆོས་སྟོན་པའི་སངས་རྒྱས་བྱང་སེམས་གོང་མ་རྣམས་ཡིན་ནོ། །ཞེས་ཤེར་འགྲེལ་དགོངས་དོན་རབ་གསལ་ལས་གསུངས་སོ། །