38249

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིའི་རྒྱ་མཚོ་ (1)
Part of speech མིང་ཚིག
Definition སའི་གོ་ལའི་ཕྱི་ངོས་མང་ཆེ་བ་གཡོགས་ཡོད་པའི་རྒྱ་མཚོ།
ཕྱིའི་རྒྱ་མཚོ་ (2)
Part of speech མིང་ཚིག
Definition མདོ། མངོན་པ་མཛོད་ལས་བཤད་པའི་མུ་ཁྱུད་འཛིན་དང་ཕྱི་ཁོར་ཡུག་གཉིས་ཀྱི་བར་ན་གནས་པའི་མཚོ་རྣམས་ཏེ། ཕྱིའི་རྒྱ་མཚོ་ཆེན་པོ་ཡིན། དེའི་མུ་ཁྱུད་འཛིན་གྱི་ཐེལ་ནས་འཁོར་ཡུག་གི་ཐེལ་གྱི་བར་དུ་དཔག་ཚད་འབུམ་ཕྲག་གསུམ་དང་སྟོང་ཕྲག་ཉི་ཤུ་རྩ་གཉིས་སོ། །མཐའ་སྐོར་གྱི་ཚད་ནི་དཔག་ཚད་ས་ཡ་ཕྲག་གསུམ་དང་དྲུག་འབུམ་བདུན་བརྒྱ་ལྔ་བཅུ་ཡོད་དོ། །ཕྱིའི་རྒྱ་མཚོ་དེ་ནི་བ་ཚྭ་ཅན་གྱི་ཆུས་གང་ངོ་། །ཕལ་ཆེར་ལས་ཕྱིའི་རྒྱ་མཚོ་དེར་གླིང་འདི་ནས་ཆུ་ཀླུང་སྟོང་ཕྲག་ཕྱེད་དང་གསུམ་དང་། མྱང་འདས་ལས་ཆུ་བོ་ས་ཡ་བྱེ་བ་དབུས་ནས་ཐིག་པ་བཞིན་འབབ་ལ། བྱང་ན་སྟོང་ཕྲག་བཅུ། ནུབ་ན་སྟོང་ཕྲག་ལྔ་དང་། ཤར་ན་སྟོང་ཕྲག་ཕྱེད་དང་བརྒྱད་འབབ་བོ། །དེ་དག་བས་ཀྱང་ཀླུའི་རྒྱལ་པོ་འོད་ཟེར་བཅུ་པའི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་ཁྲག་ཁྲིག་ཕྲག་བརྒྱད་ཅུར་བསྒྲེས་པའི་ཀླུའི་རྒྱལ་པོ་སྤྲིན་ལས་བྱུང་བའི་ཆུ་ལས། ཀླུ་གངས་ཅན་མཚོའི་བུ་འཛམ་བུ་རྒྱལ་མཚན་གྱི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་དག་ཐམས་ཅད་ལས་གངས་ཅན་མཚོ་ཉིད་ཀྱིས་སྤྲུལ་པའི་སྤྲིན་ལས་བྱུང་བའི་ཆུ་མང་ངོ་། །དེ་དག་ཐམས་ཅད་ལས་གངས་ཅན་མཚོའི་གནས་ནས་འབབ་པའི་ཆུ་བོ་བཻ་ཌཱུརྱ་ལྟ་བུ་ཞེས་བྱ་བ་ཆེས་མང་ངོ་། །དེ་དག་ཐམས་ཅད་ཀྱིས་ཀྱང་རྒྱ་མཚོ་ཆེན་པོའི་དབྲེས་ལས་མི་འདའོ་ཞེས་བཤད་དོ། །གཞན་ཡང་རྦ་རླབས་ལས་ཡོལ་བ་མེད་པ་དང་། མི་རོ་དང་ཞག་གཅིག་ཏུ་མི་འགྲོགས་པ་དང་། འབྱུང་པོ་དང་རིན་པོ་ཆེ་ཟད་མི་ཤེས་པའི་འབྱུང་གནས་དང་། ལྟ་བས་ཆོག་མི་ཤེས་པ་ཡིན་ཏེ། ཚངས་པ་ཁྱད་པར་སེམས་ཀྱིས་ཞུས་པ་ལས་ཀྱང་། དེ་ན་རིན་པོ་ཐམས་ཅད་སྡུད་པ་ཞེས་བྱ་བའི་རིན་པོ་ཆེ་ཡོད་དེ། དེ་འཇིག་རྟེན་གཞན་དུ་མ་འཕོས་ན་བསྐལ་པ་འཇིག་པའི་མེས་ཀྱང་རྒྱ་མཚོ་ཆེན་པོ་ཅུང་ཟད་ཀྱང་འབྲིད་མི་ནུས་པར་བཤད་དོ། །
Domain ཆོས་ལུགས།