38252

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིའི་རྣལ་འབྱོར་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། བྱ་བའི་རྣལ་འབྱོར་གསུམ་གྱི་ཡ་གྱལ་ཞིག་སྟེ། ཕྱི་ཡུལ་གྱི་རྣམ་པར་སྣང་བའི་ཚུལ་གྱིས་དོན་ལ་འབྱོར་བས་ཕྱིའི་རྣལ་འབྱོར་ཞེས་བྱ། མདོ་འགྲེལ་མུན་པའི་གོ་ཆ་ལས། གྲོགས་པོ་དག་དེ་ལ་ཕྱིའི་རྣལ་འབྱོར་གང་ཞེ་ན། འདི་ལྟ་སྟེ། ས་རྡོ་རྗེ་ཞེས་བྱ་བའི་རྣལ་འབྱོར་ཆེན་པོ་དང༌། དེ་བཞིན་དུ་ཆུ་རྡོ་རྗེ་ཞེས་བྱ་བ་ལ་སོགས་པ་གསུམ་ལས་ཕྱི་བཀར་ནས་བསྟན་པ་ནི། འཇིག་རྟེན་ན་གང་སྲ་བ་དང་འདེགས་པའི་མཚན་ཉིད་དང་ལས་གཉིས་དང་ལྡན་དང༌། གཤེར་ཞིང་སྡུད་པ་དང༌། ཚ་ཞིང་བསྲེག་པ་དང༌། ཡང་ཞིང་འཐོར་བ་དང༌། གསལ་ཞིང་གོ་འབྱེད་པ་ནི་འབྱུང་བ་ལྔའོ། །འདིར་དེ་དག་གི་ངོ་བོ་ཉིད་སེམས་ཀྱི་དཀྱིལ་འཁོར་འོད་གསལ་བའི་ངོ་བོ་ཉིད་ཡེ་ཡིན་པ་ནི། ཆེད་དུ་མ་བཙལ་བ་དང༌། རྒྱུ་རྐྱེན་ལས་མ་བྱས་པ་དང༌། མཚན་ཉིད་མི་ཕྱེད་པའི་ཕྱིར་རྡོ་རྗེར་བརྗོད་པས་རྣལ་འབྱོར་གྱི་མིང་འཐོབ་པའོ། །དེ་བཞིན་དུ་གཟུགས་ཉི་ཤུ་རྩ་ལྔ་དང༌། སྒྲ་བདུན་དང༌། དྲི་བདུན་དང༌། རོ་དགུ་དང༌། རེག་ཉི་ཤུ་རྩ་གཉིས་དང༌། ཆོས་བརྒྱད་ཀྱང་རྗེས་སུ་མཐུན་པར་སྦྱར་ཏེ། དེ་དག་སེམས་ཀྱི་དེ་ཁོ་ན་ཉིད་དུ་མཐར་ཐུག་པ་ཉིད་མཇལ་བའི་ལྟ་བ་ནི་མཆོག་གོ ། ཞེས་གསུངས།
Domain ཆོས་ལུགས།