From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱིའི་ལྡོག་པའི་ཆོས་སུ་རིག་པར་བྱ་བའི་ཆོས་ལྔ་ (1)
| Part of speech
|
མིང་ཚིག
|
| Definition
|
འཕགས་པ་དེ་བཞིན་གཤེགས་པའི་ཡེ་ཤེས་ཀྱི་ཕྱག་རྒྱའི་ཏིང་ངེ་འཛིན་གྱི་མདོ་ལས་བྱུང་བ་སྟེ། ༡ སེམས་ཅན་ཐམས་ཅད་ལ་སེམས་མཉམ་པ་ཡིན། ༢ ཕ་རོལ་གྱི་རྙེད་པ་དང་། བཀུར་སྟི་ལ་ཕྲག་དོག་མེད་པ་ཡིན། ༣ སྲོག་གི་ཕྱིར་ཡང་དམ་པའི་ཆོས་འཛིན་པའི་དགེ་སློང་རྣམས་ཀྱི་བསྔགས་པ་མ་ཡིན་པ་མི་སྨྲ་བ་ཡིན། ༤ ཤེས་ཀྱི་ཁེ་དང་། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་ལ་མི་ཆགས་པ་ཡིན། ༥ འཇིག་རྟེན་གྱི་བྱ་བ་སྣ་ཚོགས་ལ་མོས་པ་མ་ཡིན་གྱི། ཆོས་ཐམས་ཅད་ལ་ཆོས་ཟབ་མོ་དང་ལྡན་པ་དང་ལྔའོ། །
|
| Domain
|
ཆོས་ལུགས།
|
ཕྱིའི་ལྡོག་པའི་ཆོས་སུ་རིག་པར་བྱ་བའི་ཆོས་ལྔ་ (2)
| Part of speech
|
མིང་ཚིག
|
| Definition
|
༡ བདག་མི་དམིགས་ཤིང་བདག་ལ་མི་བསྟོད་པ། ༢ སེམས་ཅན་ལ་མི་དམིགས་པ། ༣ ཆོས་ཀྱི་དབྱིངས་རྣམ་པར་རྟོག་པས་མི་སྟོན་པ། ༤ བྱང་ཆུབ་མི་དམིགས་པ། ༥ དེ་བཞིན་གཤེགས་པའི་སྐུ་ལ་གཟུགས་ཀྱི་མཚན་མ་མི་ལྟ་བ་དང་ལྔའོ། །
|