38261

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིའི་སེམས་དཔའ་བཞི་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། ཕྱིའི་སེམས་དཔའ་བཞི་ནི། བྱང་ཆུབ་ཆེན་པོ་རྡོ་རྗེ་མཐོང་བྱེད་དེ་བྱམས་པ། བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་བྱེད་དེ་སྒྲིབ་པ་རྣམ་སེལ། བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་བྱེད་དེ་ཀུན་ཏུ་བཟང་པོ། བྱང་ཆུབ་ཆེན་པོ་རྡོ་རྗེ་མྱོང་བྱེད་དེ་འཇམ་དཔལ་ལོ། །མཚན་གྱི་རྣམ་གྲངས་ལ་རིམ་བཞིན། སྤྱན་གྱི་གསུང་གི་མཆོག་དང་། སྙན་གྱི་གསུང་གི་མཆོག་དང་། ཤངས་ཀྱི་གསུང་གི་མཆོག་དང་། ལྗགས་ཀྱི་གསུང་གི་མཆོག་ཅེས་སུའང་གྲགས། འདི་དག་ལ་དབང་པོའི་སེམས་དཔའ་བཞི་ཞེས་ཀྱང་གསུངས།
Domain ཆོས་ལུགས།