38267
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | ཕྱིའི་སྡེ་བརྒྱད་ནི། ལྷའི་དབང་པོ་བརྒྱ་བྱིན་དང་། ཀླུའི་དབང་པོ་དགའ་བོ། ལྷ་མིན་དབང་པོ་ཐག་བཟང་རིས། མིའམ་ཅི་ལྗོན་པ་རྟ་མགོ་ཅན། གནོད་སྦྱིན་གང་བ་བཟང་པོ། མཁའ་ལྡིང་གསེར་མིག་འཁྱིལ་བ། ཆོས་སྐྱོང་མ་ཧཱ་ཀཱ་ལ། དྲི་ཟ་ཟུར་ཕུད་ལྔ་པ་བཅས་བརྒྱད་དེ། སྡེ་བརྒྱད་བཅོས་ཐབས་ལས། ལྷའི་དབང་པོ་བརྒྱ་བྱིན་དང་། །ཀླུ་ཡི་དབང་པོ་དགའ་བོ་དང་། །ལྷ་མིན་དབང་པོ་ཐག་བཟང་རིས། །མིའམ་ཅི་ལྗོན་རྟ་མགོ་ཅན། །གནོད་སྦྱིན་གང་བ་བཟང་པོ་དང་། །མཁའ་ལྡིང་གསེར་མིག་འཁྱིལ་བ་དང་། །ཆོས་སྐྱོང་མ་ཧཱ་ཀཱ་ལ་དང་། །དྲི་ཟ་ཟུར་ཕུད་ལྔ་པ་སོགས། །ཕྱི་ཡི་སྡེ་བརྒྱད་འཁོར་བཅས་ལ། །ཞེས་གསུངས། |
| Domain | ཆོས་ལུགས། |