From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
ཕྱིར་ (1)
| Part of speech
|
ཕྲད་ཚིག
|
| Definition
|
དེའི་ཆེད་དུའམ་སླད་དུ་ཞེས་པའི་དོན་སྟོན་པའི་ཕྲད་ཅིག་སྟེ།
|
| Keyword
|
True
|
| Example
|
མོ་དང་ཐུག་ཕྱིར་ང་ཕྱི་རྒྱལ་ལ་འགྲོ་རྒྱུ་ཡིན། ཟས་ཀྱི་ཕྱིར་དུ་གཡོ་སྐོལ་བྱས་ལྟ་བུ།
|
ཕྱིར་ (2)
| Part of speech
|
ཕྲད་ཚིག
|
| Definition
|
རྒྱུ་མཚན་གསལ་བྱེད་ཀྱི་སྒྲ་ཞིག་སྟེ།
|
| Keyword
|
True
|
| Example
|
བུམ་པ་ཅིའི་ཕྱིར་མི་རྟག་ཅེས་དང། ཡང་ན། སྒྲ་ཆོས་ཅན། མི་རྟག་སྟེ། བྱས་པའི་ཕྱིར་ཞེས་པ་ལྟ་བུ།
|
ཕྱིར་ (3)
| Part of speech
|
ཕྲད་ཚིག
|
| Definition
|
ལྷག་པར་ཞེས་པའི་དོན་སྟོན་བྱེད་དུ་འཇུག་སྟེ།
|
| Keyword
|
True
|
| Example
|
སྤྱོད་འཇུག་ཆེན་མོའི་རྩ་བ་ལས། ཉོན་མོངས་རྣམས་ནི་བསྟེན་བྱས་ན། །ཕྱིར་ཞིང་སྡུག་བསྔལ་གནོད་པ་བྱེད། །ཅེས་འབྱུང་བ་ལྟ་བུ།
|
ཕྱིར་ (1)
| Part of speech
|
མིང་ཚིག
|
| Definition
|
ཕྱི་ལ་ཞེས་པའི་དོན་ཏེ།
|
| Example
|
ཕྱིར་བསྐྲད། ཕྱིར་ཕུད་ལྟ་བུ།
|
ཕྱིར་ (2)
| Part of speech
|
མིང་ཚིག
|
| Definition
|
སླར་རམ་སླད་མའི་དོན་ཏེ།
|
| Example
|
ལྟུང་བ་ཕྱིར་བཅོས་ཀྱི་ཆོ་ག་ལྟ་བུ།
|