38281

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་བཅོས་ (1)
Part of speech མིང་ཚིག
Definition སྨན་སོགས་བསྟེན་ནས་ན་ཚ་ཕྱིར་བཅོས་པ།
Example ནད་པའི་ནད་ཕྱིར་བཅོས་བྱས་པ། ནད་ཕྱིར་བཅོས་ནས་དྲག་སོང་ལྟ་བུ།
ཕྱིར་བཅོས་ (2)
Part of speech མིང་ཚིག
Definition ནོར་འཁྲུལ་ཤོར་བ་ཡོ་བསྲང་བྱས་པའི་དོན།
Example ནག་ཉེས་ཕྱིར་བཅོས་ན་གུ་ཡངས་གཏོང་ཆོག་ལྟ་བུ།
ཕྱིར་བཅོས་ (3)
Part of speech མིང་ཚིག
Definition འདུལ་བའི་སྐབས་ཀྱི་ཕམ་ལྷག་སོགས་ཀྱི་ལྟུང་བ་བྱུང་བ་སླར་གསོ་བའི་དོན།
Example ཕྱིར་བཅོས་ཀྱི་གཞི་བཅུ་བདུན། བསླབ་པ་ཕྱིར་བཅོས་པ་ལྟ་བུ།
Domain ཆོས་ལུགས།