38315

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་མི་འོང་འབྲས་གནས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་གང་ཟག་གོ །དེ་ལྔ་ནི། མཐོང་སྤངས་ཀུན་སྦྱོར་གསུམ། འདོད་པ་ལ་འདུན་པ། གནོད་སེམས་རྣམས་ཡིན་ལ། དང་པོ་གསུམ་གྱིས་རང་རྒྱུད་ལྡན་གྱི་གང་ཟག །འགྲོ་བ་ཐ་མ་སོ་སྐྱེ་ལ་ཀུན་ཏུ་སྦྱོར། ཕྱི་མ་གཉིས་ཀྱིས་རང་རྒྱུད་ལྡན་གྱི་གང་ཟག་ཁམས་ཐ་མ་འདོད་པའི་ཁམས་ལ་ཀུན་ཏུ་སྦྱོར་བའི་ཀུན་སྦྱོར་ཞེས་བྱ་སྟེ། ཀུན་བཏུས་ལས། ཕྱིར་མི་འོང་བའི་གང་ཟག་གང་ཞེ་ན། གང་སྒོམ་པའི་ལམ་ལ་འདོད་པ་ན་སྤྱོད་པའི་རྣམ་པ་དགུ་པ་སྤངས་པའི་ལམ་ལ་གནས་པའི་གང་ཟག་གོ །གང་གི་ཚེ་འདོད་པ་ན་སྤྱོད་པའི་སྒོམ་པས་སྤངས་པར་བྱ་བ་ཐམས་ཅད་སྤངས་པའི་ཕྱིར་མི་འོང་བར་འགྱུར་ན་ཅིའི་ཕྱིར་ཐ་མའི་ཆ་དང་མཐུན་པའི་ཀུན་ཏུ་སྦྱོར་བ་ལྔ་སྤངས་པས་ཕྱིར་མི་འོང་བ་ཞེས་བྱ་ཞེ་ན་གཙོ་བོ་བསྡུ་བའི་ཕྱིར་རོ། །ཅིའི་ཕྱིར་གཙོ་བོ་ཞེས་བྱ་ཞེ་ན། འགྲོ་བ་ཐ་མའི་རྒྱུ་ཡིན་པ་དང༌། ཁམས་ཐ་མའི་རྒྱུ་ཡིན་པའི་ཕྱིར་ཞེས་དང༌། མཛོད་ལས། དེ་དགུ་ཟད་པ་ཕྱིར་མི་འོང་། །ཞེས་བཤད་དོ། །དེ་ལ་དབྱེ་ན། དབང་པོའི་སྒོ་ནས་དབྱེ་ན། ཕྱིར་མི་འོང་དད་མོས་དང༌། མཐོང་ཐོབ་གཉིས། འབྲས་བུ་སྔོན་དུ་བྱེད་ཚུལ་གྱི་སྒོ་ནས་དབྱེ་ན། ཐོད་བརྒལ་དང༌། རིམ་གྱིས་པ། དེ་ལས་གཞན་པ་གསུམ། སྦྱོར་བའི་སྒོ་ནས་དབྱེ་ན་ཙམ་ཁྱད་གཉིས། ཡོན་ཏན་སྔོན་དུ་བྱེད་ཚུལ་གྱི་སྒོ་ནས་དབྱེ་ན། ལུས་མངོན་བྱེད་དང་དེ་མིན་པ་གཉིས། མྱང་འདས་མངོན་དུ་བྱེད་ཚུལ་གྱི་སྒོ་ནས་དབྱེ་ན། མཐོང་ཆོས་ཞི། འདོད་པར་ཚེ་ཡོང་གྱུར། གཟུགས་སུ་ཉེར་འགྲོ། གཟུགས་མེད་ཉེར་འགྲོ་དང་བཞིའོ། །
Domain ཆོས་ལུགས།

{{#arraymap:ཕྱིར་མི་འོང་འབྲས་གནས་

|; |@@@ | | }}

ཕྱིར་མི་འོང་འབྲས་གནས་ (2)
Part of speech མིང་ཚིག
Definition འབྲས་གནས་བཞི་པོ་གང་རུང་ཡང་ཡིན། ཐ་མའི་ཆ་མཐུན་ལྔ་སྤངས་པས་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་པར་གྱུར་པའི་ཉན་ཐོས་སུ་ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད་ཡིན། དེ་ལ་དབྱེ་བ་ནི། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས། སྦྱོར་བའི་སྒོ་ནས་དབྱེ་ན། ཙམ་པོ་པ་དང། ཁྱད་པར་ཅན་གཉིས་ཡོད། འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན། འབྲས་བུ་རིམ་གྱིས་པའི་ཕྱིར་འོང་དང། ཆགས་སྔོན་སོང་གི་ཕྱིར་འོང་གཉིས་སུ་ཡོད་དོ། །ཐ་མའི་ཆ་མཐུན་ལྔ་ནི། མཐོང་སྤང་ཀུན་སྦྱོར་གསུམ། འདོད་པ་ལ་འདུན་པའི་ཉོན་མོངས། གནོད་སེམས་དང་བཅས་པ་ལྔ་ཡིན་ནོ། །འདིར་དེ་ལྔ་སྤངས་པས་རབ་ཏུ་ཕྱེ་བར་ཞེས་བརྗོད་པའི་རྒྱུ་མཚན་ཅི་ཡིན་ཞེ་ན། དེ་ཡང་ཡོད་དེ། ལྔ་པོ་དེ་ཕྱིར་མི་འོང་གི་འབྲས་བུ་ཐོབ་པའི་གེགས་ཀྱི་གཙོ་བོ་ཡིན་པའི་ཕྱིར། ཅིའི་ཕྱིར་ཕྱིར་མི་འོང་བ་ཞེས་བྱ་ཞེ་ན། འདོད་པར་ཕྱིར་མི་འོང་བའི་དོན་གྱིས་དེ་སྐད་ཅེས་བྱའོ། །

{{#arraymap:ཕྱིར་མི་འོང་འབྲས་གནས་

|; |@@@ | | }}

ཕྱིར་མི་འོང་འབྲས་གནས་ (3)
Part of speech མིང་ཚིག
Definition མངོན་པ། འབྲས་གནས་བཞི་པོ་གང་རུང་ཡང་ཡིན། ཐ་མའི་ཆ་མཐུན་ལྔ་སྤངས་པའི་རབ་ཏུ་ཕྱེ་བའི་དགེ་སྦྱོང་ཚུལ་གྱི་འབྲས་བུ་ལ་གནས་པའི་རབ་ཏུ་ཕྱེ་བ་ཡང་ཡིན་པའི་གཞི་མཐུན་དམིགས་པ། ཕྱིར་མི་འོང་འབྲས་གནས་ཀྱི་མཚན་ཉིད། དེ་ལ་དབང་པོའི་སྒོ་ནས་དབྱེ་ན། དད་པས་མོས་པ་དང་། མཐོང་བས་ཐོབ་པ་གཉིས། སྦྱོར་བའི་སྒོ་ནས་དབྱེ་ན། ཙམ་པོ་བ་དང་། ཁྱད་པར་ཅན་གཉིས། དེ་གཉིས་ཀྱི་མཚན་ཉིད་སྔར་ལས་བཤེས། དེ་ལ་འབྲས་བུ་ཐོབ་ཚུལ་གྱི་སྒོ་ནས་དབྱེ་ན། འབྲས་བུ་རིམ་གྱིས་པ་དང་། ཆགས་བྲལ་སྔོན་སོང་བ་གཉིས། དེ་གཉིས་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་འདོད་པ་ལ་འདུན་པའི་འདོད་ཆགས་དང་མ་བྲལ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། དང་པོའི་མཚན་ཉིད། དེ་གང་རུང་ཡང་ཡིན། མཐོང་ལམ་གྱི་སྔ་རོལ་དུ་དེ་དང་བྲལ་བ་ཡང་ཡིན་པའི་གཞི་མཐུན་པར་དམིགས་པ། གཉིས་པའི་མཚན་ཉིད། ཡང་དེ་ལ་འཕགས་མཆོག་རྟེན་ཚུལ་གྱི་སྒོ་ནས་དབྱེ་ན། འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་དང་། འདོད་པར་ཚེ་ཡོངས་སུ་མ་གྱུར་པའི་ཕྱིར་མི་འོང་གཉིས། མཐོང་ལམ་ཐོབ་པའི་རྗེས་སུ་འདོད་པར་སྐྱེ་བ་བརྒྱུད་ནས་བླངས་པའི་ཕྱིར་མི་འོང་དུ་དམིགས་པ། འདོད་པར་ཚེ་ཡོངས་སུ་གྱུར་པའི་ཕྱིར་མི་འོང་བའི་མཚན་ཉིད།

{{#arraymap:ཕྱིར་མི་འོང་འབྲས་གནས་

|; |@@@ | | }}

ཕྱིར་མི་འོང་འབྲས་གནས་ (2)
Part of speech མིང་ཚིག
Definition ཞུགས་གནས་བརྒྱད་ཀྱི་ནང་གསེས། འབྲས་བུ་ལ་གནས་པ་འདི་ཉིད་འདོད་པའི་སྒོམ་སྤང་དགུ་པ་སྤངས་པས་ཕྱིར་མི་འོང་བ་ཡིན་པར་རིག་པར་བྱ་སྟེ། འདོད་པར་ཕྱིར་སྐྱེ་བ་ལེན་པ་མི་སྲིད་པའི་ཕྱིར་རོ། །འདི་ཉིད་ལ་གསུམ་དུ་དབྱེ་སྟེ། གཟུགས་སུ་ཉེ་བར་འགྲོ་བ་དང་། གཟུགས་མེད་པར་ཉེ་བར་འགྲོ་བ་དང་། ཚེ་འདི་ལ་མྱ་ངན་ལས་འདའ་བའོ། །

{{#arraymap:ཕྱིར་མི་འོང་འབྲས་གནས་

|; |@@@ | | }}