38320

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་མི་འོང་ལུས་མངོན་བྱེད་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། མཚན་ཉིད་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། རྣམ་ཐར་བརྒྱད་ཐོབ་ལ་མ་ཉམས་པ་དེ། ཕྱིར་མི་འོང་ལུས་མངོན་བྱེད་ཀྱི་འཇོག་བྱེད་ཡིན་ཏེ། ཀུན་བཏུས་ལས། ལུས་ཀྱིས་མངོན་སུམ་དུ་བྱེད་པ་གང་ཞེ་ན། གང་རྣམ་པར་ཐར་པ་བརྒྱད་ལ་བསམ་གཏན་པའི་གང་ཟག་གོ ། ཞེས་དང། མཛོད་ལས། འགོག་པ་ཐོབ་པའི་ཕྱིར་མི་འོང། །ལུས་ཀྱིས་མངོན་སུམ་བྱེད་པར་འདོད། །ཅེས་པས་བསྟན། དེ་ལ་དབྱེ་ན། འདོད་པའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་ལུས་མངོན་བྱེད་དང། གཟུགས་ཀྱི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་ལུས་མངོན་བྱེད་དང། སྲིད་རྩེའི་རྟེན་ལ་མྱང་འདས་མངོན་དུ་བྱེད་པའི་ཕྱིར་མི་འོང་ལུས་མངོན་བྱེད་དང་གསུམ་ཡོད་ཕྱིར། ཞེས་གསུངས།
Domain ཆོས་ལུགས།