38334

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
ཕྱིར་མི་ལྡོག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེ་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སོ་དྲུག་ (1)
Part of speech མིང་ཚིག
Definition འཕགས་པ་སྤྲིན་ཆེན་པོ་ཞེས་བྱ་བའི་མདོ་ལས་བྱུང་བ་སྟེ། ༡ སྤྲིན་ཆེན་པོའི་མདོ་ཡུལ་བསམ་གྱིས་མི་ཁྱབ་པ་ལ་དེ་བཞིན་གཤེགས་པ་རྣམས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕྱིར་མི་ལྡོག་པའི་འཁོར་ལོ་རིན་པོ་ཆེའི་མཛོད་ཅེས་བྱ་བའི་གཟུངས། ༢ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་དྲི་མ་མེད་པའི་སྙིང་པོའི་ཆུ་ཞེས་བྱ་བའི་གཟུངས། ༣ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཆུའི་སྙིང་པོ་སྣང་བ་ཞེས་བྱ་བའི་གཟུངས། ༤ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཆུའི་བློ་གྲོས་ཞེས་བྱ་བའི་གཟུངས། ༥ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཆུའི་རྒྱུན་ཅེས་བྱ་བའི་གཟུངས། ༦ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་བློ་གྲོས་ཞེས་བྱ་བའི་གཟུངས། ༧ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་གློག་གི་འོད་མྱུར་བ་ཞེས་བྱ་བའི་གཟུངས། ༨ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་གློག་གི་འོད་དང་ལྡན་པ་ཞེས་བྱ་བའི་གཟུངས། ༩ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོའི་གློག་གི་འོད་དང་ལྡན་པ་ཞེས་བྱ་བའི་གཟུངས། ༡༠ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཏོག་གི་བློ་གྲོས་ཞེས་བྱ་བའི་གཟུངས། ༡༡ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོ་གཏེར་གྱི་རྒྱལ་པོའི་འོད་འཕྲོ་བའི་བློ་གྲོས་ཞེས་བྱ་བའི་གཟུངས། ༡༢ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་གློག་གི་སྒྲ་སྒྲོག་པ་ཞེས་བྱ་བའི་གཟུངས། ༡༣ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་མྱུར་བའི་དཔལ་ཞེས་བྱ་བའི་གཟུངས། ༡༤ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ནམ་མཁའི་རྒྱལ་པོ་ཞེས་བྱ་བའི་གཟུངས། ༡༥ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སྨན་གྱི་རྒྱལ་པོ་ཆེན་པོ་ཞེས་བྱ་བའི་གཟུངས། ༡༦ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཆར་འབབ་པའི་མཚོའི་རྒྱལ་པོ་ཞེས་བྱ་བའི་གཟུངས། ༡༧ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཀུན་ཏུ་རྒྱས་པར་བྱེད་པ་ཞེས་བྱ་བའི་གཟུངས། ༡༨ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཏི་སེའི་གངས་ཅན་ཞེས་བྱ་བའི་གཟུངས། ༡༩ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ནམ་མཁའི་བློ་གྲོས་ཞེས་བྱ་བའི་གཟུངས། ༢༠ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་མངོན་པར་འཕགས་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས། ༢༡ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་དུས་ཚོད་ཀྱི་རྒྱལ་པོ་ཞེས་བྱ་བའི་གཟུངས། ༢༢ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ངང་པ་དགའ་བའི་སྐད་འབྱིན་པ་ཞེས་བྱ་བའི་གཟུངས། ༢༣ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཡེ་ཤེས་ཀྱི་རླུང་གི་ཕྱག་རྒྱ་ཞེས་བྱ་བའི་གཟུངས། ༢༤ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཟབ་མོའི་བློ་གྲོས་བརྩོན་འགྲུས་རྒྱལ་པོ་ཞེས་བྱ་བའི་གཟུངས། ༢༥ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ས་བོན་གྱི་ཆར་འབེབས་ཞེས་བྱ་བའི་གཟུངས། ༢༦ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སའི་ཕྲེང་བ་ཅན་ཞེས་བྱ་བའི་གཟུངས། ༢༧ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་དགའ་བར་བྱེད་པའི་རླུང་ཞེས་བྱ་བའི་གཟུངས། ༢༨ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་སྣང་བའི་བློ་གྲོས་ཞེས་བྱ་བའི་གཟུངས། ༢༩ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་གཡོ་བར་བྱེད་པ་ཞེས་བྱ་བའི་གཟུངས། ༣༠ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོ་ཚུལ་གྱིས་རྣམ་པར་བརྒྱན་པའི་རྒྱལ་པོ་ཞེས་བྱ་བའི་གཟུངས། ༣༡ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོའི་མཛོད་ཅེས་བྱ་བའི་གཟུངས། ༣༢ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོའི་ཆུའི་སྟོན་པ་ཞེས་བྱ་བའི་གཟུངས། ༣༣ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོ་ཟད་མི་ཤེས་པའི་ཆུ་སྲུང་ཞེས་བྱ་བའི་གཟུངས། ༣༤ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་ཆུའི་ཀུ་མུ་དའི་ཟླ་བ་ཞེས་བྱ་བའི་གཟུངས། ༣༥ ཕྱིར་མི་ལྡོག་པའི་སྤྲིན་ཆེན་པོའི་སྙིང་པོའི་གཞི་འཛིན་པ་ཞེས་བྱ་བའི་གཟུངས། ༣༦ ཕྱིར་མི་ལྡོག་སྤྲིན་ཆེན་པོ་བསམ་གྱིས་མི་ཁྱབ་པའི་བློ་གྲོས་རྒྱ་མཚོའི་རྒྱལ་པོ་ཞེས་བྱ་བའི་གཟུངས་ཡོད་དོ། །
Domain ཆོས་ལུགས།

{{#arraymap:ཕྱིར་མི་ལྡོག་པའི་ཡེ་ཤེས་མཐའ་ཡས་པ་རིན་པོ་ཆེ་འབྱུང་གནས་ལ་མངོན་པར་འཇུག་པ་ཞེས་བྱ་བའི་གཟུངས་ཀྱི་སྒོ་སོ་དྲུག་

|; |@@@ | | }}